རྒྱ་གཞུང་གིས་ཡུ་གུར་བའི་ཐོག་དྲག་གནོན་ཚབས་ཆེ་བྱེད་ཉེན།

ཨོ་ལིམ་པིག་རྩེད་འགྲན་མཇུག་བསྒྲིལ་ཟིན་མཚམས་སུ་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཐོག་དྲག་གནོན་ཚབས་ཆེ་བྱེད་ཉེན་ཡོད་པའི་གནས་ཚུལ།

2008.08.23

༄༅༎ཨོ་ལིམ་པིག་རྩེད་འགྲན་མཇུག་བསྒྲིལ་ཟིན་མཚམས་སུ་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཐོག་དྲག་གནོན་ཚབས་ཆེ་བྱེད་ཉེན་ཡོད་ལུགས་ཨ་རིར་བཙན་བྱོལ་དུ་འབྱོར་བའི་ཡུ་གུར་མི་རིགས་ཀྱི་ཚོགས་པས་གསལ་བསྒྲགས་གནང་འདུག

ཉེ་ལམ་རྒྱ་ནག་གཞུང་གིས་ཤིན་ཅང་དམར་ཤོག་ཚོགས་པའི་དྲུང་ཆེ་ལྦང་ལེ་ཆོན་གྱིས་ཡུ་གུར་ཟིང་འཁྲུག་ལ་འཐབ་རྩོད་བྱ་རྒྱུ་ནི་ རྒྱ་ནག་གི་ཁྱོད་ཤི་ང་སོན་གྱི་འཐབ་རྩོད་ཅིག་ཡིན་པ་ཐོག་མཐའ་བར་གསུམ་གྱི་ལས་བྱེད་ཚང་མས་ཤེས་རྟོགས་དགོས་གལ་ཆེ་ལུགས་འགྲེལ་བརྗོད་བྱས་ཡོད་པ་དང་ ཕྱོགས་མཚུངས་ཤིན་ཅང་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ཀྲུ་ཧའེ་ལུན་གྱིས་ཤིན་ཅང་མི་རིགས་ཀྱི་ངོ་རྒོལ་ཞོད་འཇགས་གཏང་རྒྱུར་རྒྱ་ནག་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་རིང་ལུགས་དང་ ཁ་བྲལ་རིང་ལུགས་ ཐལ་སྤྱོད་རིང་ལུགས་བཅས་ངན་པ་གསུམ་ལ་རྡུང་བརྡེག་ཚ ནན་གཏང་དགོས་ལུགས་བརྙན་འཕྲིན་ཐོག་རྒྱང་སྲིང་བྱས་ཡོད་རེད་ ཡང་འཇར་མན་གྲོང་ཁྱེར་མིའུ་ནིཁ་དུ་ཆགས་པའི་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་ལས་འཆར་ཞེས་པའི་ཚོགས་པས་ཤེས་རྟོགས་བྱུང་བར་གཞིགས་ན་ ཀཤི་གར་གྲོང་ཁྱེར་ནང་ཉུང་མཐར་ཡུ་གུར་མི་རིགས་བརྒྱ་སྐོར་ཞིག་འཛིན་བཟུང་དོ་དམ་བྱས་ཡོད་པ་དང་ ཀུ་ཆ་ཞེས་པའི་གྲོང་ཁྱེར་གཞན་ཞིག་ཏུ་ཡུ་གུར་མི་རིགས་དགུ་བཅུ་སྐོར་འཛིན་བཟུང་དོ་དམ་བྱས་ཡོད་པ་སོགས་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ལ་དམ་བསྒྲགས་བྱེད་སྟངས་ལ་ རྒྱ་ནག་ཁྱོན་ཡོངས་དང་ལྷག་པར་དུ་ཤིན་ཅང་ཁུལ་དུ་གནས་སྡོད་ཡུ་གུར་མི་རིགས་ཚོར་འཇིགས་སྣང་སྐྱེ་གཞི་ཆགས་ཡོད་པ་རེད་ བཙན་བྱོལ་དུ་ཡོད་པའི་ཡུ་གུར་མི་རིགས་ཀྱི་འགོ་ཁྲིད་རེ་སྦི་ཡ་ཁ་རྡིར་གྱིས་ཡུ་གུར་མི་རིགས་ལ་དྲག་གནོན་བྱེད་ཉེན་ཡོད་པའི་བློ་འཚབ་ཅི་ཆེའི་ངང་རྒྱ་ནག་གཞུང་ལ་བཟོད་བསྲན་གནང་དགོས་པའི་འབོད་སྐུལ་ཞུས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎