བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ལྔ་བཙན་འཁྲིད་བྱས་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ལྔས་ཞི་བའི་ངོ་རྒོལ་བྱས་སྐབས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་བཙན་འཁྲིད་བྱས་འདུག

2008.08.10

༄༅༎ཁ་ས་གཟའ་ཉི་མའི་ཉིན་ ཇར་མ་ནིས་གནས་བཞིན་པའི་མཚན་ལ་པད་མ་སྒྲོལ་མ་ཕེ་ལིཛ་ཞུ་བའི་བོད་ཀྱི་བུད་མེད་དེ་ཡིས་གཙོས་པས་ ཨ་མི་རི་ཀ་བ་གཉིས་དང་ ཁེ་ན་ཌ་ནས་ཡིན་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ལྔ་ཡིས་ གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་སྟེང་རྒྱ་ནག་གིས་བོད་ཐོག་འཛིན་བཞིན་པའི་སྲིད་བྱུས་ཐད་ཞི་བའི་ལམ་ནས་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་སྐབས་ ཁོང་རྣམ་ཚོ་ རྒྱ་ནག་གི་པུ་ལི་སི་ཡིས་འཛིན་བཟུང་བྱས་ཏེ་བཙན་འཁྲིད་བྱས་ཡོད་པ་རེད་ ཇར་མ་ནིར་གནས་བཞིན་པའི་པད་མ་སྒྲོལ་མ་ལགས་ཀྱིས་གཙོས་པས་ བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ལྔ་ཡིས་ གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་སྟེང་བོད་ཀྱི་རྒྱལ་དར་ནམ་མཁར་འཕྱར་ཐབས་བྱས་ཡོད་པ་རེད་ བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲ་རྒྱའི་ནང་ པད་མ་སྒྲོལ་མ་ལགས་ཡིན་པར་ངོ་ཐག་ཆོད་པའི་བོད་ཀྱི་བུད་མེད་དེ་བཞིན་ རྒྱ་ནག་གི་པུ་ལི་སིས་གནམ་བདེ་སྒོ་མོ་ཆེའི་ཐང་ལ་འདྲུད་བཞིན་པ་དང་ སྒྲིག་ཆས་མ་གྱོན་པའི་རྒྱ་ནག་གི་གསང་བའི་ལས་བྱེད་པ་ཚོས་ པད་མ་སྒྲོལ་མ་ལགས་ཀྱི་ལག་པ་ནས་ བོད་ཀྱི་རྒྱལ་དར་འཕྲོག་ཐབས་བྱེད་བཞིན་པ་གསལ་པོ་བཏོན་གྱི་ཡོད་པ་རེད་ བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཞི་བའི་ངོ་རྒོལ་སྐོར་དངོས་སུ་དྲ་རྒྱའི་ནང་ དཔར་རྒྱབ་མཁན་ནི་ ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ ཇོན་ཧོ་ཁེ་ལྦར་ ཡིན་པ་དང་ ཁོང་གིས་ཨེ་པི་གསར་འགྱུར་ལས་ཁང་གི་བརྙན་འཕྲིན་སྡེ་ཚན་ལ་གསུངས་གསལ་ལྟར་ན་ པད་མ་སྒྲོལ་མ་ལགས་ཀྱིས་གཙོས་པས་ སློབ་ཕྲུག་ལྔ་པོ་དེ་དག་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་ ཨ་མི་རི་ཀ་སོགས་སུ་བསྐྱོད་རྒྱུའི་གནམ་གྲུའི་ནང་བར་དུ་འཁྲིད་པ་མཐོང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎