པ་ཀིསི་ཐན་གྱི་སྲིད་འཛིན་རྒྱ་གར་དུ་ཕེབས་ཡོད་པ།

པ་ཀི་སི་ཐན་གྱི་སྲིད་འཛིན་མཆོག་རྒྱ་གར་ནང་ཧ་ཅང་དཀོན་པའི་ཉིན་གཅིག་གི་གཟིགས་སྐོར་དུ་ཕེབས་ཡོད་འདུག

2012.04.08

༄༅༎པ་ཀི་སི་ཐན་གྱི་སྲིད་འཛིན་ ཨ་སིཕ་ ཨ་ལི་ ཛར་རྡ་རི་ མཆོག་རྒྱ་གར་ནང་ཧ་ཅང་དཀོན་པའི་ཉིན་གཅིག་གི་གཟིགས་སྐོར་དུ་ཕེབས་ཡོད་འདུག
རེས་གཟའ་ཉི་མའི་ཉིན་པ་ཀི་སི་ཐན་གྱི་སྲིད་འཛིན་ཛར་རྡ་རི་མཆོག་རྒྱ་གར་ནང་ཉིན་གཅིག་གི་’’’’’’’’འཚམས་གཟིགས་དེ་བཞིན་སྐུ་སྒེར་གྱི་གཟིགས་སྐོར་ཡིན་ལུགས་བརྗོད་ཡོད་ཀྱང་ཡུལ་གཉིས་ཀས་གཟིགས་སྐོར་དེར་ཆབ་སྲིད་ཐོག་གལ་ཆེར་ངོས་འཛིན་གནང་གི་་ཡོད་འདུག། སྲིད་འཛིན་ཛར་རྡ་རི་ཡིས་རྒྱ་གར་གྱི་སྲིད་བློན་ མན་མོ་ཧན་སིངྒ་མཆོག་ཉིན་གུང་གསོལ་སྟོན་ཐོག་མཇལ་འཕྲད་ཀྱིས་ནང་མོལ་གནང་ཡོད་འདུག། ད་རིང་གི་གློ་བུར་གྱི་གཟིགས་སྐོར་དེ་བཞིན་ཕྱི་ལོ་༢༠༠༥ལོ་ནས་གཟིགས་སྐོར་དེ་རིགས་ཐོག་མ་དེ་ཡིན་པ་རེད། བར་ལམ་ནས་ཡུལ་གཉིས་ཀྱི་འབྲེལ་ལམ་འཕྲན་བུ་བཟང་དུ་འགྲོ་བཞིན་པའི་རྣམ་པ་ཡོད་ཀྱང་། པ་ཀི་སི་ཐན་གྱི་དྲག་སྤྱོད་པས་དེ་སྔ་༢༠༠༨ལོར་མུམ་བྷའི་གྲོང་ཁྱེར་ནང་དྲག་རྒོལ་གྱི་རྗེས་སུ་ཕན་ཚུན་གྱི་འབྲེལ་ལམ་ལ་དཀའ་ངལ་གྱི་རང་བཞིན་ཆགས་ཡོད་པ་མ་ཟད་དྲག་རྒོལ་གྱི་བྱེད་གཏེ་བ་ ལ་ཤེ་ཀར་ ཨི་ ཏའི་བྭ་ ཞེས་པའི་འགོ་ཁྲིད་ཧ་ཕིཛེ་ སའི་རྡི་ ཡིན་པའི་ད་འཕྲོད་གསང་ལོ་མེད་ལུགས་བརྗོད་དེ་དོ་བདག་རྒྱ་གར་ལ་རྩིས་སྤྲོད་བྱེད་ཀྱི་མེད་པ་རེད། དེ་ལྟར་སྲིད་འཛིན་ཛར་དྷ་རི་མཆོག་གིས་གཟིགས་སྐོར་འདི་དོན་འབྲས་ཟོན་པ་ཞིག་བྱུང་ཡོད་པའི་སྐོར་གསར་འགོད་ལྷན་ཚོགས་ཐོག་གསུངས་ཡོད་འདུག། སྲིད་བློན་མན་མོ་ཧན་སིངྒ་མཆོག་ཀྱིས་ཀྱང་གྲོས་མོལ་ལྷུག་པོ་བྱུང་ཡོད་པ་དང་སྲིད་འཛིན་ཛར་རྡ་ཡིས་མགྲོན་འབོད་གནང་བ་བཞིན་དུས་ཚོད་རན་པོ་ཞིག་ལ་པ་ཀི་སི་ཐན་ལ་གཟིགས་སྐོར་དུ་ཕེབས་རྩིས་ཡོད་ལུགས་གསུངས་གནང་འདུག། སྲིད་འཛིན་ཛར་དྷི་ཡིའི་སྐུ་ཚབ་གྱི་ལྷན་དུ་ནང་སྲིད་བློན་ཆེན་ རེ་མན་མ་ལིཀ་ཀྱང་ཕེབས་ཡོད་འདུག། ཁོང་སྲིད་འཛིན་ཛར་རྡ་རི་ཡི་སྲས་ཡིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎