རྒྱ་གར་གྱིས་པ་ཀི་སི་ཐན་ལ་ཉེན་ཚབས་བཟོ་གི་མེད་སྐོར།

པ་ཀི་སི་ཐན་གྱི་སྲིད་འཛིན་ཛར་རྡ་རི་ཡིས་རྒྱ་གར་ཕྱོགས་ནས་པ་ཀི་སི་ཐན་ལ་ཉེན་ཚབས་གང་ཡང་མེད་སྐོར་ངོས་ལེན་གནང་ཡོད་པ་རེད་

2008.10.06

༄༅༎པ་ཀི་སི་ཐན་གྱི་སྲིད་འཛིན་ཨ་སིཕ་ཨ་ལི་ཛར་རྡ་རི་ཡིས་ཨ་རིའི་ལྦོལ་སི་ཏྲིཏ་གསར་ཤོག་གི་བཅའ་དྲིར་དྲི་ལན་གནང་བའི་བརྒྱུད་རིམ་གྱི་བཀའ་མོལ་ནང་ཁོང་གིས་རྒྱ་གར་ཕྱོགས་ནས་པ་ཀི་སི་ཐན་ལ་ཉེན་ཚབས་གང་ཡང་མེད་སྐོར་ངོས་ལེན་གནང་ཡོད་པ་རེད་

དེ་ཡང་ཁོང་གིས་རྒྱ་གར་དེ་ང་ཚོར་ཉེན་ཚབས་ཤིག་ནམ་ཡང་འགྱུང་མེད་ཅེས་དང་རྒྱ་གར་ནང་ཀ་ཤི་མིར་གྱི་གནད་དོན་ལ་འཐབ་རྩོད་བྱེད་མཁན་དེ་དྲག་སྤྱོད་པ་རེད་ཅེས་གསུངས་ཡོད་པ་རེད་ རྒྱ་གར་ནང་ཀ་ཤི་མིར་གྱི་གནད་དོན་ལ་དྲག་པོའི་འཐབ་རྩོད་བྱེད་མཁན་གྱི་ཚོགས་ཁག་དེ་ཚོ་དྲག་སྤྱོད་པ་རེད་ཅེས་གསུངས་པའི་བཀའ་མོལ་དེ་ནི་པ་ཀི་སི་ཐན་གྱི་དབུ་ཁྲིད་སུ་ཞིག་གིས་ཀྱང་ད་བར་གསུངས་མྱོང་མེད་པའི་བཀའ་མོལ་ཞིག་ཡིན་པ་རེད་ རྒྱ་གར་གཞུང་གིས་ཀ་ཤི་མིར་གྱི་མངའ་ཁུལ་ནང་གི་ལོ་མང་གི་རྙོག་གླེང་དེ་ཆ་ཚང་པ་ཀི་སི་ཐན་གཞུང་གིས་བརྒྱུད་སྐུལ་གྱིས་བཟོ་གི་ཡོད་སྐོར་སྐྱོན་བརྗོད་གནང་གི་ཡོད་པ་དང་པ་ཀི་སི་ཐན་གཞུང་གིས་དེ་ལྟར་ངོས་ལེན་གནང་གི་མེད་ཀྱང་ཀ་ཤི་མིར་མངའ་ཁུལ་གྱི་རྙོག་གླེང་དེ་ནི་ས་ཁུལ་མི་མང་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་མེད་པའི་རྐྱེན་གྱི་ཡིན་སྐོར་དང་ཀ་ཤི་མིར་མི་མང་གི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་གསལ་བཏོན་བྱེད་ཀྱི་ཡོད་པ་རེད་ ཡིན་ནའི་ད་རེས་ཛར་རྡ་རི་ཡིས་རྒྱ་གར་ཕྱོགས་ནས་པ་ཀི་སི་ཐན་ལ་ཉེན་ཚབས་ཤིག་ནམ་ཡང་མེད་པ་དང་རྒྱ་གར་མངའ་ཁོངས་ཀ་ཤི་མིར་ནང་འཐབ་རྩོད་བྱེད་མཁན་གྱི་ཚོགས་ཁག་དེ་ཚོ་དྲག་སྤྱོད་པ་རེད་གསུངས་པ་དེ་པ་ཀི་སི་ཐན་གྱི་དབུ་ཁྲིད་ཅིག་གིས་ད་བར་གསུངས་མྱོང་མེད་པའི་བཀའ་མོལ་ཐོག་མ་ཞིག་ཆགས་ཀྱི་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎