པ་ཀི་སི་ཐན་གྱིས་དྲག་སྤྱོད་པའི་སྒྲིག་འཛུགས་ཐོག་དོ་དམ་ནན་པོ།
2009.01.25
༄༅༎པ་ཀི་སི་ཐན་གྱིས་སྔ་ལོ་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་དྲག་རྒོལ་དང་ལག་འདྲེས་ཡོད་པར་དྭོགས་པ་ཡོད་པའི་སྒྲིག་འཛུགས་ཐོག་དོ་དམ་ནན་པོ་གནང་ཡོད་པའི་གནས་ཚུལ་ཐོན་འདུག
སྔ་ལོ་ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་དྲག་རྒོལ་བྱས་མཁན་པ་ཀི་སི་ཐན་ནང་རྟེན་གཞི་བྱས་པའི་སྒྲིག་འཛུགས་ལ་ཤེ་ཀར་ཨི་ཏའེ་སྦ་ཞེས་པ་ཡིན་ལུགས་རྒྱ་གར་གཞུང་གིས་ཁུངས་སྐྱེལ་བྱས་ཡོད་པ་མ་ཟད་དེ་རྗེས་ཚོགས་པ་དེ་དང་ལག་འདྲེས་ཡོད་པའི་སྤྱི་ཚོགས་བདེ་དོན་གྱི་སྒྲིག་འཛུགས་ཇ་མཏ་ཨུརྡ་རྡ་ལྦ་ཞེས་པ་དེ་འཇིགས་བསྐུལ་དྲག་སྤྱོད་པའི་སྒྲིག་འཛུགས་ཤིག་ཡིན་པར་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ངོས་འཛིན་གནང་བ་རེད། དྲག་རྒོལ་ནང་རྒྱ་གར་གྱི་ཡུལ་མི་བརྒྱ་དང་དྲུག་ཅུ་རེ་བཞིའི་ཚེ་སྲོག་དང་དེ་ལས་མང་བ་རྨས་པ་རེད། རྒྱ་གར་གཞུང་གིས་དྲག་རྒོལ་གྱི་བྱེད་ཏེ་བ་རྩིས་སྤྲོད་དགོས་ལུགས་པ་ཀི་སི་ཐན་ལ་ཞུ་གཏུགས་རིམ་པ་བྱས་ཡོད་ཀྱང་དོན་འབྲས་དེ་ཙམ་སོན་མེད་པ་རེད། འོན་ཀྱང་ད་ཆ་པ་ཀི་སི་ཐན་གྱིས་རྒྱལ་སྤྱིའི་གནོན་ཤུགས་མ་བཟོད་པའི་རྣམ་པར་གོང་ཞུས་དྲག་སྤྱོད་པའི་སྒྲིག་འཛུགས་ཀྱི་ལས་ཁུངས་དང་སློབ་གྲྭ་སོགས་སྒོ་རྒྱབ་འམ་གཞུང་བཞེས་བཏང་པ་སོགས་དམ་བསྒྲགས་བྱེད་རྒྱུ་འགོ་བཙུགས་བྱས་ཡོད་འདུག རེས་གཟའ་ཉི་མའི་ཉིན་ཤར་ཕྱོགས་པན་ཇབ་ཞིང་ཆེན་གྱི་གྲོང་ཁྱེར་མུ་རིརྡ་ཀེ་ཞེས་པ་ཇ་མཏ་ཨུརྡ་རྡ་ལྦའི་ས་ཞིང་མཁར་དབང་ཨེ་ཀར་བདུན་ཅུ་དོན་ལྔ་བྱས་པ་དེ་གཞུང་བཞེས་བཏང་ཡོད་འདུག