པ་ཀི་སི་ཐན་མནའ་འབྲེལ་གཞུང་འཛིན་ཚོགས་པ་ཁ་གྱེས་པ།

པ་ཀི་སི་ཐན་གྱི་མནའ་འབྲེལ་གཞུང་ནང་གི་སྲིད་དོན་ཚོགས་པ་གཉིས་ཁ་གྱེས་སྟེ་ད་ཆ་ཆབ་སྲིད་ཀྱི་དཀའ་རྙོག་དེ་ཆེ་རུ་འགྲོ་བཞིན་ཡོད་པ་རེད་

2008.08.26

༄༅༎པ་ཀི་སི་ཐན་གྱི་སྲིད་འཛིན་མུ་ཤ་རཕ་སྲིད་འཛིན་གྱི་ལས་འཁུར་ནས་དགོངས་ཞུ་གནང་སྟེ་ གཟའ་འཁོར་གཅིག་ཙམ་ལས་མ་སོང་བའི་རྗེས་ པ་ཀི་སི་ཐན་གྱི་མནའ་འབྲེལ་གཞུང་ནང་གི་སྲིད་དོན་ཚོགས་པ་གཉིས་ཁ་གྱེས་སྟེ་ད་ཆ་ཆབ་སྲིད་ཀྱི་དཀའ་རྙོག་དེ་ཆེ་རུ་འགྲོ་བཞིན་ཡོད་པ་རེད་

རྡུལ་ཕྲན་མཚོན་ཆ་ལྡན་པའི་ཁ་ཆེའི་ཡུལ་གྲུ་འདིའི་ནང་ འབར་རྫས་གས་གཏོར་ལ་སོགས་པ་འཇིགས་བསྐུལ་དྲག་ལས་ཧ་ཅང་མང་དུ་འགྲོ་བཞིན་པ་དང་དུས་མཚུངས་ ད་ཆ་རྒྱལ་ཁབ་ཀྱི་སྲིད་འཛིན་གསར་པ་འདེམས་ཕྱོགས་ཐད་ཆབ་སྲིད་ཀྱི་འཁྲུག་འཛིང་ཆེན་པོ་ཞིག་ལ་ཡང་གདོང་ལེན་བྱེད་དགོས་རྒྱུ་ཡིན་པ་རེད་

གཟའ་ཟླ་བའི་ཉིན་པ་ཀི་སི་ཐན་གྱི་མནའ་འབྲེལ་གཞུང་མཉམ་འཛིན་པ་ སྲིད་བློན་ཟུར་པ་ན་ལྦཛ་ཤ་རིཕ་ཡིས་དབུ་འཁྲིད་པའི་སྲིད་དོན་ཚོགས་པས་ གཞུང་འཛིན་པ་ཀི་སི་ཐན་མི་དམངས་ཚོགས་པའི་འགོ་འཁྲིད་ཨ་སིཕ་ཨ་ལི་ཛར་རྡ་རིས་ སྲིད་འཛིན་མུ་ཤ་རཕ་ཡིས་གནས་དབྱུངས་བཏང་པའི་ཁྲིམས་དཔོན་ཚོའི་གནས་བབས་སླར་གསོ་བྱ་རྒྱུའི་ཁས་ལེན་བྱས་པ་ཁག་རྡོག་རོལ་དུ་བཏང་པའི་རྒྱུ་མཚན་གྱིས་ གཞུང་ནས་རྒྱབ་སྐྱོར་ཕྱིར་འཐེན་བྱས་སྟེ་ ཁ་གཏད་ཚོགས་པའི་ངོ་བོར་གནས་རྒུ་ཡིན་པ་བརྗོད་ཡོད་པ་རེད་

འོན་ཀྱང་ཛར་རྡ་རིས་གཟའ་ཟླ་བའི་ཉིན་ པ་ཀི་སི་ཐན་གྱི་རྒྱལ་ཡོངས་བརྙན་འཕྲིན་ཐོག་ ན་ལྦཛ་ཤ་རིཕ་གཞུང་གི་ནང་ཕྱིར་ལོག་གནང་དགོས་པའི་འབོད་བསྐུལ་ཞུས་ཡོད་འདུག་

ཕྱི་ཟླ་དགུ་པའི་ཚེས་ ༦ ཉིན་ པ་ཀི་སི་ཐན་གྱི་གྲོས་ཚོགས་ནས་རྒྱལ་ཁབ་ཀྱི་སྲིད་འཛིན་འོས་བསྡུ་བྱ་རྒྱུ་ཡིན་པ་དང་ པ་ཀི་སི་ཐན་མི་དམངས་ཚོགས་པས་ ཚོགས་པ་དེའི་འགོ་འཁྲིད་ཛར་རྡ་རི་སྲིད་འཛིན་གྱི་འོས་མིར་གཏན་འབེབས་བྱས་ཤིང་ ན་ལྦཛ་ཤ་རིཕ་གྱི་ཚོགས་པས་ དེ་སྔའི་ཁྲིམས་དཔོན་ཟུར་པ་ ས་ཨིརྡ་ཨུར་ཛ་མན་ཤི་རྡི་ཁི་ ལ་ཐག་གཅོད་བྱས་པ་དང་ སྲིད་འཛིན་མུ་ཤ་རཕ་གྱི་ཚོགས་པས་ ཚོགས་པ་དེའི་སྤྱི་ཁྱབ་དྲུང་ཆེ་ མུ་ཤ་ཧིརྡ་ཧུ་སེན་ ལ་སྲིད་འཛིན་འོས་མིར་གཏན་འབེབས་བྱས་ཡོད་པ་རེད་

པ་ཀི་སི་ཐན་ནང་ཊ་ལི་བའན་དང་ཨེལ་ཁེ་རྡ་འཇིགས་བསྐུལ་དྲག་སྤྱོད་ཚོགས་པས་འདས་པའི་གཟའ་འཁོར་འགའ་ཤས་ནང་ དྲག་ལས་སྤེལ་ཤུགས་ཧ་ཅང་ཆེ་རུང་བཏང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎