ར་རྒྱ་དགོན་པའི་དགེ་བསྐོས་བཙོན་གྲོལ་བྱུང་ཡང་ས་གནས་སུ་དམ་དྲག


2015.03.24
རྭ་རྒྱ་དགོན་པའི་དགེ་བསྐོས་དཔལ་ལྡན་རྒྱ་མཚོ་ལགས རྭ་རྒྱ་དགོན་པའི་དགེ་བསྐོས་དཔལ་ལྡན་རྒྱ་མཚོ་ལགས།
བོད་འབྱོར།

རྒྱ་གཞུང་གིས་རྭ་རྒྱ་དགོན་པའི་དགེ་བསྐོས་དཔལ་ལྡན་རྒྱ་མཚོ་ལགས་བཙོན་གྲོལ་དང་མཉམ་གསང་བའི་ངང་ཁྱིམ་དུ་བསྐྱལ་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། ལོ་བདུན་གྱི་ཁྲིམས་ཆད་ཕོག་པའི་ རྭ་རྒྱ་དགོན་པའི་དགེ་བསྐོས་དཔལ་ལྡན་རྒྱ་མཚོ་ལགས་བཙོན་གྲོལ་བྱུང་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་༢༡ཉིན་གྱི་ཞོགས་པ་སྔ་མོར་རྒྱ་གཞུང་ཉེན་རྟོག་པས་ཁོང་གསང་བའི་ངང་སྟབས་ཀྱིས་རང་ཁྱིམ་དུ་བསྐྱལ་ཡོད་འདུག གནས་ཚུལ་དེའི་ཐད་མདོ་སྨད་རྭ་རྒྱ་དགོན་པའི་དགོན་བདག་ཤིང་བཟའ་རིན་པོ་ཆེ་མཆོག་ལ་བཅར་འདྲི་བྱེད་སྐབས། དགེ་བསྐོས་ཁོང་བཙོན་གྲོལ་ཐོབ་པའི་གནས་ཚུལ་གོ་ཐོས་བྱུང་བ་ལས་ཞིབ་ཕྲ་གནས་སྐབས་ཤེས་རྟོགས་དཀའ་བ་གསུངས་ཡོད།
གནས་ཚུལ་ལྟར་ན། ཉིན་དེར་ཉེན་རྟོག་པ་ས་གནས་སུ་འགྲེམས་འཇོག་གིས་དམ་དྲག་ཤུགས་ཆེན་བྱས་ཤིང་། ཕེབས་བསུ་བ་དག་དགོན་པའི་ཉེ་འཁྲིས་སུ་སྡོད་པ་ལས་ཐག་རིང་བོར་འགྲོ་མི་ཆོག་པའི་བཙན་བཀའ་བཏང་བ་མ་ཟད། འདྲ་པར་དང་བརྙན་སོགས་གཅིག་ཀྱང་ལེན་མི་ཆོག་པ་དང་། གལ་སྲིད་པར་དང་བརྙན་རིས་རྣམས་ཕྱི་ཕྱོགས་སུ་གཏོང་མཁན་ཡོད་ཚེ་ཉེས་ཆད་དྲག་པོ་གཏོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག
དཔལ་ལྡན་རྒྱ་མཚོ་ལགས་ནི་ཪྭ་རྒྱ་དགོན་གྱི་ཕྱི་ལོ་༢༠༠༩ལོའི་དགེ་བསྐོས་ལས་ཐོག་པ་ཡིན་པ་དང་། ལོ་དེའི་ཕྱི་ཟླ་༣ཚེས་༢༡ཉིན་གྱི་ཉིན་གུང་། སྔར་ལོའི་གསུམ་བཅུའི་དུས་དྲན་དང་སྟབས་བསྟུན་རྭ་རྒྱ་དགོན་དུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་དང་ཡིག་ཆ་གཏོར་བའི་ཉེས་མིང་འོག ཕྱི་ཟླ ༣ཚེས་༢༡ཉིན་གྱི་ཉིན་གུང་དགེ་འདུན་པ་བཀྲ་ཤིས་བཟང་པོ་ས་གནས་ཉེན་རྟོག་པས་འཛིན་བཟུང་གིས། འདྲི་རྩད་མནར་གཅོད་གཏོང་སྐབས་བཀྲ་ཤིས་བཟང་པོ་བྲོས་ནས་རྨ་ཆུར་ལྕེབས་ཏེ་རང་ཤི་བརྒྱབ་པའི་གནས་ཚུལ་སོགས་བྱུང་ཡོད་སྟབས། རྭ་རྒྱ་དགོན་གྲོང་གཉིས་ཀྱི་བོད་རིགས་སེར་སྐྱ་མི་དམངས་༡༠༠༠ ལྷག་འདུ་འཛོམས་ཀྱིས་རྭ་རྒྱ་གྲོང་བརྡལ་སྲིད་གཞུང་དང་། ཉེན་རྟོག་ལས་ཁུངས་གཉིས་སུ་ཕྱིན་ཏེ། རྔམ་སྟོན་ཁྲོམ་སྐོར་དང་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ཡོད་པ་མ་ཟད། ཕྱི་ལོ་༢༠༠༩ ལོའི་སྤྱི་ཟླ་༣ པའི་ཚེས་༢༢ཉིན་རྭ་རྒྱ་དགོན་པའི་དགེ་བསྐོས་དཔལ་ལྡན་རྒྱ་མཚོ་ལགས་གཙོ་བྱས་པའི་དགེ་འདུན་པ་༩ལྷག་ངོ་རྒོལ་གྱི་སྣེ་ཁྲིད་པ་ཡིན་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཡོད་པ་དང་། གོང་གི་དགེ་བསྐོས་དཔལ་ལྡན་རྒྱ་མཚོ་ལ་མི་ལོ་བདུན་གྱི་དུས་བཀག་ཁྲིམས་ཐག་བཅད་པ་རེད། འོན་ཀྱང་རྗེས་སུ་ལོ་གཅིག་ཇེ་ཉུང་ལ་བཏང་སྟེ་ད་བར་མི་ལོ་༦རིང་བཙོན་འཇུག་བྱས་ཡོད།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎