པ་ན་མས་ཐེ་ཝན་གཡུག་ནས་རྒྱ་ནག་དང་འབྲེལ་ལམ་བཙུགས་འདུག


2017.06.13
པ་ན་མ་(Panama)འི་སྲིད་འཛིན། ༢༠༡༧།༦།༡༢ པ་ན་མ་(Panama)འི་སྲིད་འཛིན། ༢༠༡༧།༦།༡༢
XINHUA

པ་ན་མ་ཡིས་(Panama)ཡིས་ཐེ་ཝན་དང་འབྲེལ་ལམ་བཅད་དེ་རྒྱ་ནག་དང་འབྲེལ་ལམ་བཙུགས་འདུག
དེ་ཡང་AFPགསར་ཁང་གིས་སྤྱི་ཚེས་༡༣་ཉིན་གནས་ཚུལ་སྤེལ་བ་ལྟར་ན། པ་ན་མ་(Panama)སྲིད་འཛིན་(Juan Carlos Varela)ཡིས་རེས་གཟའ་མིག་དམར་ཉིན་རྒྱལ་ཡོངས་བརྙན་འཕྲིན་བརྒྱུད་དེ་Panama དང་རྒྱ་ནག་གཉིས་ཀྱིས་དེ་རིང་གཞུང་འབྲེལ་འབྲེལ་ལམ་བཙུགས་ཡོད་ཅེས་བསྒྲགས་པ་དང་། ཡང་རྒྱལ་ཁབ་གཉིས་ཟུང་འབྲེལ་ཀྱིས་སྤེལ་བའི་བསྒྲགས་གཏམ་ནང་དུའང་། མི་དམངས་ཀྱི་རེ་བ་དང་ཁེ་ཕན་ཀྱི་དགོས་མཁོའི་ཆེད་དུ་Panama དང་རྒྱ་ནག་གཉིས་ཀྱིས་ཡིག་ཆ་དེར་ས་ཡིག་བརྒྱབ་པའི་དུས་ཚོད་ནས་བཟུང་གཞུང་ཚབ་གྱི་ཚད་གཞིའི་ཐོག་ནས་ཕན་ཚུན་གཞུང་འབྲེལ་གྱི་འབྲེལ་ལམ་ཡོད་པ་ངོས་འཛིན་གནང་གཏན་འཁེལ་ཡོད་ཅེས་བརྗོད་ཡོད་པ་རེད། དེ་བཞིན་ཡང་Panama ཡིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་ལ་ཐེ་ཝན་གྱི་ཕྱོགས་སུ་ལངས་ཏེ། ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་ལེན་བྱས་མེད་ནའང་། ད་ནས་བཟུང་འཛམ་གླིང་ནང་རྒྱ་ནག་གཅིག་ལས་མེད་པ་དང་། ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་འཛིན་བྱ་རྒྱུ་གསལ་བསྒྲགས་ཡིག་ཆ་དེའི་ནང་བཀོད་ཡོད་པ་རེད།
རྒྱ་ནག་དང་པ་ན་མའི་གཞུང་འབྲེལ་གྱི་ཡིག་ཆ་དེར་རྒྱ་ནག་ཕྱི་སྲིད་བློན་ཆེན་(Wang Yi) དང་(Panama) སྲིད་འཛིན་གཞོན་པ་(Isabel Saint Malo)གཉིས་ཀྱིས་པེ་ཅིང་དུ་ས་རྟགས་བཀོད་པ་དང་། Wang གིས་འདི་ནི་རྒྱ་ནག་དང་Panama གཉིས་ཀྱི་འབྲེལ་ལམ་ལ་ལོ་རྒྱུས་རང་བཞིན་ལྡན་པའི་ཟིན་ཐོ་གསར་པ་ཞིག་འགོ་བཙུགས་པ་ཞིག་ཡིན་པ་བརྗོད་ཡོད་པ་རེད། Panama དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་སྐོར་ཀྱི་ཁྱབ་བསྒྲགས་དེ་ནི་གཟའ་འཁོར་སྔོན་མའི་ནང་པེ་ཅིང་གཞུང་གིས་Panama གྱི་བྱང་ཕྱོགས་Colon ཞིང་ཆེན་དུ་རང་བྱུང་སོལ་རླངས་ཀྱི་མཐུན་རྐྱེན་ལྡན་པའི་ཚོང་ཟོག་དབོར་འདྲེན་བྱ་སའི་གྲུ་གཟིངས་འབབ་ཚུགས་ཞིག་གསར་རྒྱག་གི་ལས་གཞི་འགོ་འཛུགས་བྱས་པའི་རྗེས་སུ་བྱུང་བ་ཞིག་ཡིན་པ་རེད།
(AFP) གསར་ཁང་གིས་(Panama)དང་རྒྱ་ནག་གཉིས་ཀྱིས་ཕན་ཚུན་རྒྱལ་ཁབ་གཉིས་ཀྱི་གཞུང་འབྲེལ་འབྲེལ་ལམ་གསར་འཛུགས་བྱེད་བཞིན་ཡོད་པ་ཕྱིར་བསྒྲགས་བྱས་པ་དེ་ནི་དབུས་ཨ་རིའི་རྒྱལ་ཁབ་ཞིག་གིས་འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་ཨང་གཉིས་པ་དང་འབྲེལ་ལམ་ཉེ་རུ་བཏང་སྟེ་ཐེ་ཝན་ཟུར་དུ་དབྱུག་པའི་གནས་ཚུལ་གསར་ཤོག་དེ་ཆགས་ཡོད་པ་རེད་ཅེས་དང་། གནས་ཚུལ་དེས་ཐེ་ཝན་ཕྱོགས་ནས་ཁོང་ཁྲོའི་དགག་ལན་རྒྱག་དགོས་བྱུང་བ་དང་། ཐེ་ཝན་གཞུང་དང་རྒྱ་གཞུང་དབར་ཀྱི་འབྲེལ་ལམ་ཡང་ཇེ་སྡུག་ཏུ་འགྲོ་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎