པཎ་ཆེན་རིན་པོ་ཆེ་གློད་གྲོལ་ཆེད་ལས་འགུལ་གང་མང་སྤེལ་དགོས།


2015.04.21
ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་གཉིས། ༢༠༡༥།༤།༢༡ ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་གཉིས། ༢༠༡༥།༤།༢༡
འཇིགས་མེད་སྙན་གྲགས། /RFA

རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་བསྐྱེད་ཉིན་པཎ་ཆེན་རིན་པོ་ཆེ་གློད་གྲོལ་ཆེད་ལས་འགུལ་གང་མང་སྤེལ་དགོས་བའི་འབོད་སྐུལ་གནང་འདུག
དེ་ཡང་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་༢༠འཁོར་གྱི་ཡོད་པའི་སྐབས་དང་བསྟུན་ཏེ། ཟླ་བ་འདིའི་སྤྱི་ཚེས་༢༡ཉིན་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་གཉིས་ལྷན་བཞུགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་བའི་ཐོག ༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཁོང་གི་ཡབ་ཡུམ་གྱིས་དབུས་རྒྱའི་བཙོན་འོག་ཏུ་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
གསལ་བསྒྲགས་དེའི་ནང་དོན་གཙོ་བོ་ནི། ༧གོང་ས་མཆོག་གིས་༡༩༩༥ ལོི་ཕྱི་ཟླ་ལྔ་པའི་ཚེས་༡༤ ཉིན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་པན་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་མཛད་པའི་རྗེས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་ད་བར་གནས་ཚུལ་གོ་ཐོས་ཙམ་མེད་པར་གྱུར་ཏེ་ལོ་ངོ་༢༠ ལྷག་ཕྱིན་ཡོད་ལ། ལྷག་པར་དུ་༢༠༡༡ ལོའི་ཕྱི་ཟླ་༤ ཚེས་༨ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཙོན་པ་གར་སོང་མེད་པར་གྱུར་བའི་གནས་ཚུལ་ཞིབ་བཤེར་ཚོགས་ཆུང་ནས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༡༩༩༥ ནས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་པའི་ངོས་ལེན་བསྒྲགས་གཏམ་སྤེལ་བ་དང་། དེ་བཞིན་རྒྱལ་སྤྱིའི་འཚེ་བའི་ལས་འགོག་ཐབས་དང་བྱིས་པའི་ཐོབ་ཐང་ལས་ཁང་། ཆོས་དད་རང་དབང་སྲུང་སྐྱོབ་ཆེད་དུ་དམིགས་པའི་རྟོག་ཞིབ་ཚོགས་ཆུང་བཅས་ཀྱིས་རྒྱ་ནག་གཞུང་ལ་ཁོང་གང་དུ་ཡོད་མེད་དང་གནས་སྟངས་ཇི་ལྟར་ཡོད་མེད་གསལ་བཤད་དགོས་ཚུལ་གསུངས་ཡོད་ཀྱང་རྒྱ་ནག་གཞུང་གིས་དེར་ལན་གསལ་གང་ཡང་བྱས་མེད་པའི་སྐོར་སོགས་བཀོད་ཡོད་པ་རེད། ད་དུང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་མནར་གཅོད་བཏང་དང་གཞིན་ཡོད་པ་དང། ལྷག་པར་དུ་ཆོས་དད་རང་དབང་དང་ཆབ་སྲིད་ཀྱི་རང་དབང་ཐོག་ལ་དམ་བསྒྲགས་བྱེད་པའི་ཁར་བོད་མིའི་ཐོུང་མ་ཡིན་པའི་རིག་གཞུང་དང་ཁོར་ཡུག་གཏོར་བཤིག་བཏང་བ། མི་རིགས་དབྱེ་འབྱེད་ཀྱི་དཀའ་སྡུག་མྱོང་བཞིན་པ་མི་བཟོད་པར་ད་བར་བོད་མི་༡༣༨ཡིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་བྱས་ཡོད་པའི་རྒྱུ་རྐྱེན་རྣམས་ལུང་འདྲེན་གནང་སྟེ། ཕྱི་ཟླ་ལྔ་པའི་ཚེས་༡༧ ཉིན་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། བོད་ཀྱི་གྲོགས་པོ་སོགས་ནས་སྨོན་ལམ་གསུང་དོན་དང་། མཆོད་མེ་ཞལ་ཕྱེ། པཎ་ཆེན་རིན་པོ་ཆེའི་མཛད་རྣམས་ཐོག་བགྲོ་གླེང། སོ་སོའི་གནས་ཡུལ་གྱི་གཞུང་དང་གྲོས་ཚོགས་ལ་རྒྱ་ནག་གཞུང་ལ་པན་ཆེན་རིན་པོ་ཆེ་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཡོང་ཐབས་གནོན་ཤུགས་སྤྲོད་ཐབས་ཀྱི་འབོད་སྐུལ་ཞུ་རྒྱུ། རྒྱལ་སྤྱིའི་གསར་ལམ་ཐོག་དྲིལ་བསྒྲགས་གང་ཐུབ་བྱ་ཐབས་འབད་བརྩོན་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་། སྐབས་དེར་ཕྱི་ནང་གསར་འགོད་པ་༢༠ ལྷག་འཛོསམ་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎