བོད་ནང་༧པཎ་ཆེན་འཁྲུངས་སྐར།
2013.04.26

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཀླུ་འབུམ་བཀྲིས།
༄༅། །ཕྱི་ཚེས་ ༢༤ཉིན་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དང་བསྟུན་ཏེ་མདོ་སྨད་ར་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་དུ་ཨ་ལགས་མགོན་ཤུལ་ཚང་དང་། ཨ་ལགས་གཙོ་རུ་ཚང་། མཁན་པོ་ལས་ཐོག་པ་དགེ་བཤེས་དར་རྒྱས་ལགས། བླ་སྤྲུལ་དགེ་བཤེས་གྲྭ་མང་། སྡེ་བ་སོ་སོའི་སྡེ་དཔོན། མི་མང་སོགས་འདུ་འཛོམས་ཐོག་ནམ་རྒྱུན་སྡེ་བ་སོ་སོའི་ནང་གི་རྒྱན་འཇོག་ཤོག་རྒྱག་མཁན་རྣམས་ཀྱི་མིང་གཞུང་ཡིག་ཐོག་ཏུ་དངོས་སུ་བཀོད་དེ་ར་རྒྱ་དགོན་པའི་ནང་སྐྱེས་ལྷའི་ཁྱུང་དགོན་གྱི་རྐང་བཤགས་སོགས་བཏོན་སྟེ་བསང་གསོལ་དང་ལྷན་དུ་ལོ་གཞོན་སྐྱ་བོ་ཆིག་སྟོང་ལྷག་གིས་ར་རྒྱའི་སྐྱེས་ལྷ་ཨ་མྱེས་ཁྱུང་མགོན་དཔང་དུ་བཙུགས་ནས་ཉི་མ་དེ་རིང་ནས་བཟུང་ ཤོ་རྒྱག་རྒྱན་འཛུགས་རིགས་མི་བྱེད་པའི་མནའ་སྐྱེལ་དང་། ཡིག་ཐོག་ཁས་ལེན་བྱས་ནས་རང་མིང་ཐོག་ས་རྟགས་དང་འཛུབ་ཐེལ་རྒྱབ་ནས་དམ་བཅའ་བཞག་བཅུག་ཡོད་འདུག།