པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་གྱུར་བར་བོད་མི་ཚོས་སེམས་ཁྲལ།


2015.05.18
ཧྥ་རན་སིར་བོད་མི་ཚོས་པཎ་ཆེན་སྐུ་ཕྲེང་༡༡པ་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་མི་ལོ་༢༠འཁོར་བར་ལས་འགུལ་སྤེལ་སྐབས། ༢༠༡༥།༥།༡༧ ཧྥ་རན་སིར་བོད་མི་ཚོས་པཎ་ཆེན་སྐུ་ཕྲེང་༡༡པ་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་མི་ལོ་༢༠འཁོར་བར་ལས་འགུལ་སྤེལ་སྐབས། ༢༠༡༥།༥།༡༧
གྲགས་པ།

པཎ་ཆེན་སྐུ་ཕྲེང་༡༡པ་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་མི་ལོ་༢༠འཁོར་བར་ཧྥ་རན་སུར་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོས་སེམས་ཁྲལ་ཆེན་པོས་ལས་འགུལ་སྤེལ་འདུག
དེ་ཡང་ཧྥ་རན་སི་ནས་རྐྱང་ཕྲུག་གྲགས་པ་ལགས་ཀྱིས་གནས་ཚུལ་བཏང་དོན། ༢༠༡༥ལོའི་ཟླ་ ༥ ཚེས་ ༡༧ ཉིན། ཧྥ་རན་སུ་རྒྱལ་ནང་དུ་ཡོད་པའི་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པ་དང་། བོད་རང་དབང་སློབ་ཕྲུག་ཚོགས་པ། ཧྥ་རན་སུའི་བོད་རིགས་ཚོགས་པ་བཅས་ཟུང་འབྲེལ་ཐོག་ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་རྗེས་ད་བར་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་༢༠ཧྲིལ་པོ་འཁོར་ཡོད་པའི་ཉིན། དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ལམ་སྟོན་དགོངས་དོན་ལྟར་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། སྐབས་དེར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་བརྒྱ་ཕྲག་བརྒལ་བ་རྒྱལ་ས་པེ་རེ་སིའི་TROCADÉROཞེས་བའི་ཐང་ལ་འཛོམས་ནས་ལས་འགུལ་དེར་མཉམ་ཞུགས་གནང་བ་དང་། འབོད་ཚིག་འདྲ་མིན་འཁོད་པའི་འཕྲེད་དར་འཕྱར་བ་དང་མཉམ། རྒྱ་ནག་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནས་སྟངས་བོད་མི་གཙོས་འཛམ་གླིང་མི་མང་ལ་གསལ་སྟོན་དགོས་བ་དང་། རིན་པོ་ཆེ་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་བཏོང་དགོས། བོད་ནང་གི་བོད་མི་ཚོར་རང་དབང་སྤྲོད་དགོས་ཟེར་བ་སོགས་ཀྱི་དགོས་འདུན་གྱི་རྔམ་སྟོན་སྐད་བྱས་ཡོད་པ་རེད། བོད་མི་གྲགས་པས་བརྗོད་དོན། ལས་འགུལ་ཡག་པོ་བྱུང་སོང་མོད། ས་གནས་ཀྱི་བོད་མིའི་མི་འབོར་ལ་དཔག་པས་མཉམ་ཞུགས་བྱེད་མཁན་ཅུང་ཉུང་བ་ཡོད་པའི་ཚོར་སྣང་བྱུང་བས་ལས་འགུལ་གལ་ཆེན་རིགས་ལ་བོད་མི་གང་མང་མཉམ་ཞུགས་གནང་རྒྱུ་གལ་ཆེན་པོ་འདུག་ཅེས་བརྗོད།
དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ལམ་སྟོན་དགོངས་དོན་ལྟར་པཎ་ཆེན་སྐུ་ཕྲེང་༡༡པ་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་མི་ལོ་༢༠འཁོར་བའི་ཉིན། བཞུགས་སྒར་རྡ་རམ་སཱ་ལ་གཙོས་ཡོ་རོབ་དང་། ཨ་རི་སོགས་བོད་མི་གནས་སྡོད་བྱེད་ཡུལ་གང་སར་ལས་འགུལ་འདྲ་མིན་སྤེལ་འདུག
༧གོང་ས་མཆོག་གིས་༡༩༩༥ ལོའི་ཕྱི་ཟླ་ལྔ་པའི་ཚེས་༡༤ཉིན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་མཛད་པའི་ཉིན་གསུམ་གྱི་རྗེས་ཏེ་ཕྱི་ཟླ་ལྔ་པའི་ཚེས་༡༧ཉིན་རྒྱ་ནག་གཞུང་གིས་དགུང་གྲངས་དྲུག་ལས་ཕེབས་མེད་པའི་པཎ་ཆེན་རིན་པོ་ཆེ་དང་ཁོང་གི་ནང་མི་སྐུ་འཁོར་རྣམས་བཙན་ཁྲིད་བྱས་ཡོད་པ་རེད།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎