འབོད་སྐུལ་རེ་སྐུལ་ལྟར་ཚོཊ་གཙོས་དགོངས་ཞུ་ཕྱིར་འཐེན་གནང་འདུག


2015.03.20
བོད་མི་མང་གྲོས་ཚོགས་ཀྱི་ཚོགས་དུས་དགུ་བ་དབུ་འཛུགས་སྐབས། ༢༠༡༥།༣།༡༦ བོད་མི་མང་གྲོས་ཚོགས་ཀྱི་ཚོགས་དུས་དགུ་བ་དབུ་འཛུགས་སྐབས། ༢༠༡༥།༣།༡༦
བསྟན་འཛིན་དོན་ཡོད། RFA

སྤྱི་འཐུས་ཚོགས་གཙོ་མཆོག་གིས་དགོངས་ཞུ་ཕྱིར་འཐེན་ཐད་གསལ་བཤད་གནང་བ་དང་མཉམ་ཚོགས་འདུ་མུ་མཐུད་མཇུག་སྐྱོང་གནང་ཡོད།
དེ་ཡང་ཚེས་༡༩ཉིན་གྱི་སྔ་དྲོར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩིས་མགོ་ཞིག་དང་འབྲེལ་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱི་བཀའ་མོལ་གནང་སྟངས་ཤིག་གི་ཐོག སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་མི་གསོད་ཉེས་འཛུགས་བྱས་པར་ངོས་འཛིན་བྱུང་སྟེ། ཚོགས་གཙོ་མཆོག་གིས་གསལ་བཤད་ཅིག་དང་འབྲེལ་ཚོགས་གཙོའི་ལས་གནས་ནས་དགོངས་པ་ཞུས་པ་ཡིན་ཞེས་གསུངས་རྗེས། གྲོས་ཚོགས་ནས་ཕྱིར་ཐོན་པ་དང་བསྟུན་ཏེ་ཚོགས་འདུ་དུས་མིན་ཏུ་གྲོལ་དགོས་བྱུང་ཡོད་པ་དང་། གནད་དོན་དེ་བྱུང་མཚམས་ སྤྱི་འཐུས་ལྷན་ཚོགས་ནས་གྲོས་ཚོགས་བར་མཚམས་བཞག་སྟེ། སྤྱི་འཐུས་ནང་ཁུལ་བཞུགས་མོལ་ཚོགས་འདུ་ཚོགས་ནས། ཚོགས་གཙོ་མཆོག་ལ་དགོངས་པ་མི་ཞུ་རྒྱུའི་འབོད་སྐུལ་གནང་བ་དང་། དེ་བཞིན་སྤྱི་འཐུས་རྣམ་པ་ཁག་ཅིག་དང་སྲིད་སྐྱོང་གཙོས་བཀའ་བློན་རྣམ་པ་ཚོས་སྤྱི་འཐུས་ཚོགས་གཙོ་མཆོག་དང་མཇལ་འཕྲད་ཀྱི་དགོངས་པ་རྒྱ་ཆེ་བཞེས་དགོས་པའི་འབོད་སྐུལ་གནང་པར་བརྟེན་ཚེས་༢༠ཉིན། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། ཁ་སང་དགོངས་ཞུ་བྱས་པ་དེ་ཕྱིར་འཐེན་གྱིས་ཕྱིར་གྲོས་ཚོགས་ལ་ཕེབས་ཏེ་གྲོས་ཚོགས་ཞི་འཇམ་ངང་ཚོགས་བཞིན་པ་རེད།
ད་རེས་ཀྱི་གནས་ཚུལ་འདིའི་ཐད་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། གྲོས་ཚོགས་ཀྱི་ལས་རིམ་འགོ་འཛུགས་མ་གནང་གོང་གསལ་བཤད་གནང་པའི་ནང་། ཚོགས་གཙོས་ལས་གནས་ནས་དགོངས་པ་ཞུས་ཏེ་ཕྱིར་ཐོན་བྱས་པའི་རྗེས་སྤྱི་འཐུས་མང་པོ་ཞིག་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པའང་ཕེབས་ནས་དགོངས་པ་རྒྱ་ཆེན་པོ་བཞེས་རོགས་གནང་ཞེས་རེ་འདུན་གནང་པ་དང་། དེ་བཞིན་ཚོགས་གཙོས་མཁྲེགས་བཟུང་བྱས་ནས་བསྡད་པ་ཡིན་ན། གྲོས་ཚོགས་དང་མང་ཚོགས་ནང་ལ་བརྡབ་གསིག་གང་ལ་གང་འཚམ་ཞིག་འཕྲད་ས་རེད་བསམ་པའི་བསམ་ཚུལ་བྱུང་ཚུལ་དང་། ད་དུང་གལ་སྲིད་གྲོས་ཚོགས་ཚོགས་མ་ཐུབ་པའི་གནས་སྟངས་དེ་འདྲ་ཆགས་པ་ཡིན་ན། འཛིན་སྐྱོང་བཀའ་ཤག་གིས་ཟླ་༤ཚེས་༡ནས་ལས་ཀ་བྱེད་ཐུབ་ཀྱི་མེད་པ། ལྷག་པར་ད་ལྟ་བོད་ནང་ལ་གཉན་འཕྲང་གི་དུས་ཚོད་ཅིག་དང་གནས་སྟངས་སྡུག་པོ་ཡིན་པ་སོགས་རྒྱུ་མཚན་ཁག་ལ་གཟིགས་ཏེ་དགོངས་ཞུ་ཕྱིར་འཐེན་གནང་ཡོད་པ་འགྲེལ་བརྗོད་གནང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

ཞིབ་ཕྲ་འདི་གའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎