ཆོས་ལུཊ་བྱེད་སྒོ་སྤེལ་ཡུལ་ཁག་ལ་བསྟོད་བསྔཊ་བྱེད་པའི་ཚོགས་ཆེན།


2017.03.28
ཟུང་ཆུ་རྫོང་༢༠༡༦་ལོའི་རྫོང་རིམ་པའི་དཔལ་ཡོན་འཆམ་མཐུན་བདེ་འཇགས་ཀྱི་ཆོས་ལུགས་བྱེད་སྒོ། ༢༠༡༧།༣ ཟུང་ཆུ་རྫོང་༢༠༡༦་ལོའི་རྫོང་རིམ་པའི་དཔལ་ཡོན་འཆམ་མཐུན་བདེ་འཇགས་ཀྱི་ཆོས་ལུགས་བྱེད་སྒོ། ༢༠༡༧།༣
བོད་འབྱོར།

རྫོང་རིམ་པའི་དཔལ་ཡོན་འཆམ་མཐུན་དང་བདེ་འཇགས་ཐོག་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཁག་ལ་བསྟོད་བསྔགས་བྱེད་པའི་ཚོགས་ཆེན་ཚོགས་འདུག
འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ་༢༠༡༧ལོའི་ཟླ་༣་པའི་ཟླ་འགོར།  ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་དང་ཟུང་ཆུ་རྫོང་ཁོངས་ཀྱི་དམུ་དགེ་དགོན་དང་། གཉན་ཡུལ་མཁར་ཡག་དགོན། གཙོ་ཚང་དགོན། སྣ་སྟེང་ལྕགས་མདུད་དགོན། སྣང་ཞིག་དངུལ་སྐུ་དགོན། དགའ་མལ་དགོན། བྲག་དཀར་གཡུང་དྲུང་རི་ཁྲོད་དགོན་བཅས་ནང་བའི་དགོན་སྡེ་ཁག་དང་། ཁ་ཆེའི་དགོན་པ་ཁག་གཅིག དེ་བཞིན་ཆོས་ལུགས་མི་སྣ་ཁག་གཅིག་བཅས་ལ་༢༠༡༦་ལོའི་རྫོང་རིམ་པའི་དཔལ་ཡོན་འཆམ་མཐུན་བདེ་འཇགས་བཅས་པའི་ཆོས་ལུགས་བྱེད་སྒོ་སྤེལ་མཁན་གྱི་དགོན་པ་ཁག་གཅིག་ཆེད་དུ་བདམས་ཐོན་དང་གཟེངས་རྟགས་སྤྲད་པའི་མཛད་སྒོ་ཞིག་ཚོགས་འདུག
ས་གནས་ནས་བོད་མི་ཞིག་གིས། མཛད་སྒོ་དེ་ནི་ཉེ་བའི་ལོ་ཤས་གོང་ནས་རྒྱ་ནག་གཞུང་གི་གོ་སྒྲིག་འོག་ལོ་ལྟར་ཚོགས་འགོ་ཚུགས་པ་དང་། ཚོགས་འདུའི་ཐོག་ཆབ་སྲིད་དང་། མི་རིགས་འཆམ་མཐུན་གྱི་གནས་སྟངས་གཙོར་བཏོན་གྱིས། བསྟོད་བསྔགས་དང་གཟེངས་རྟགས་སྤྲོད་བཞིན་ཡོད་པ་རེད་ཅེས་དང་། གཟེངས་རྟགས་སྤྲོད་ཡུལ་ཁག་ནི་དེ་སྔོན་བོད་དོན་ཞི་བའི་ལས་འགུལ་ནང་མཉམ་ཞུགས་བྱས་མ་མྱོང་བ་དང་།  མི་སྒེར་དང་དགོན་པ་སོ་སོར་གནད་དོན་འདི་དག་འབྲེལ་བའི་སྐྱོན་ཆ་ཐེར་འདོན་ཕོག་མ་མྱོང་བ་སོགས་ཡིན་པ་འགྲེལ་བརྗོད་བྱས་ཤིང་། ཡང་གནས་ཚུལ་མཁོ་སྤྲོད་པ་བོད་མི་དེས། ཚོགས་འདུ་དེའི་ཐོག་གལ་ཏེ་གོང་གི་གནད་དོན་དེ་དག་ལྷག་མྱོང་བའི་དགོན་པ་ཡིན་ཚེ། རྒྱ་ནག་གཞུང་གིས་རོགས་རམ་སྤྲོད་བཞིན་པ་འགོག་པའི་ཐོག་ཉེས་ཆད་གཅོད་རྒྱུ་སོགས་བཤད་ཡོད་པ་རེད།
ཚོགས་འདུ་དེ་གཙོ་བོ་རྫོང་སྲིད་གཞུང་དང་། རྫོང་འཐབ་ཕྱོགས་གཅིག་འགྱུར་ལས་ཁུངས།  རྒྱ་ནག་གི་མི་རིགས་ཆོས་དོན་ལས་ཁུངས་བཅས་ཀྱིས་གཙོ་སྒྲུབ་བྱས་པ་ཞིག་ཡིན་འདུག
དེ་བཞིན་ཉེ་བའི་ཆར་གཅིག་མཚུངས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་འཆམ་མཐུན་དགོན་པ་དང་། ཕུལ་བྱུང་གྲྭ་བཙུན་གཟེངས་བསྟོད་ཚོགས་ཆེན་ཞེས་པ་ཚོགས་ནས་འཆམ་མཐུན་དགོན་པར་གཟེངས་རྟགས་དང་ཕུལ་བྱུང་གྲྭ་བཙུན་ལ་དངུལ་གྱི་བྱ་དགའ་སྤྲད་ཐོག་ཆབ་སྲིད་ཀྱི་ལས་འགུལ་ལ་མཉམ་ཞུགས་བྱས་པ་དང་། ཕྱི་རྒྱལ་ལ་བསྐྱོད་མྱོང་མཁན་རིགས་ལ་ཉེས་ཆད་གཅོད་རྒྱུ་སོགས་ཀྱི་གཏམ་བཤད་སྤེལ་ཡོད་འདུག།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎