ནང་སེམས་ཀྱི་ཞི་བདེ་གལ་ཆེ།


2013.05.07
༧གོང་ས་མཆོག་ནས་མེ་རི་ལེཎྜ་གཙུག་ལག་སློབ་ཁང་དུ་ཞི་བདེའི་སྐོར་བཀའ་སློབ་གནང་བ།
མེ་རི་ལེཎྜ་གཙུག་ལག་སློབ་ཁང་ནས་ཐད་ཀར་རྒྱང་བསྲིངས་ཞུས་པ་ལས་བཏུས།

༄༅།    །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ད་རང་སྔ་དྲོ་ཨ་རིའི་མེ་རི་ལེཎྜ་གཙུག་ལག་སློབ་ཁང་དུ་བྱམས་བརྩེའི་བརྒྱུད་ཞི་བདེ་བསྐྲུན་ཐབས་ཀྱི་ཐོག་ལ་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད།    སྐབས་དེར་༧གོང་ས་མཆོག་གིས་ཚོགས་ཕེབས་དགེ་ལས་སློབ་ཕྲུག་དང་མང་ཚོགས་བཅས་ལ་ཞི་བའི་སྐོར་བཀའ་སློབ་གནང་སྐབས།    ཕྱིའི་མཐུན་རྐྱེན་ལ་བརྟེན་ནས་བྱུང་བཞིན་པའི་ཞི་བདེ་དང་།    ནང་སེམས་ཀྱི་བརྒྱུད་ནས་བྱུང་བཞིན་པའི་ཞི་བདེ་གཉིས་ཀྱི་ནང་ནས་ཕྱིའི་མཐུན་རྐྱེན་གྱི་ཐོག་ནས་བྱུང་བཞིན་པའི་ཞི་བདེ་དེ་ཡུན་གནས་ཐུབ་པ་ཞིག་མེད་པས་མ་ཚད།    འགྲོ་སོང་ཆེན་པོ་བཏང་བའི་བརྒྱུད་བསྐྲུན་དགོས་པ་ཞིག་ཡིན་སྐོར་བཀའ་གནང་སོང་།    འོན་ཀྱང་ནང་སེམས་ཀྱི་ཞི་བདེ་དེ་རང་བརྒྱུད་ལ་ཡོད་པ་ཞིག་དང་།    དེ་རང་གི་སེམས་བཅོས་བསྒྱུར་གྱི་ཐོག་ནས་གྲུབ་པ་བྱེད་དགོས་པའི་ལམ་སྟོན་གནང་སོང་།    ཡང་ཕྱི་ལུས་པོའི་གནས་སྟངས་བདེ་ཐང་ཡོང་རྒྱུ་དེ་ཡང་ནང་སེམས་ཀྱི་བསམ་བློ་གཏོང་ཕྱོགས་ལ་ཁྱད་པར་ཆེན་པོ་འགྲོ་ཡི་ཡོད་སྐོར་བཀའ་གནང་བ་དང་འབྲེལ།    ༧མགོན་པོ་གང་ཉིད་ཀྱི་སྐུ་ཚེའི་ནང་སྐུ་ངལ་མང་དག་ཅིག་ཡོད་ཀྱང་།    ཐུགས་ཀྱི་ཞི་བདེ་མ་འཁྲུག་པར་གཅེས་འཛིན་གནང་ཐུབ་པར་བརྟེན།    སྐུ་གཟུགས་གསལ་ཐང་ཡོད་སྐོར་བཀའ་གནང་སོང་།    ཕྱོགས་མཚུངས་༧མགོན་པོ་གང་ཉིད་སྐུ་ཁམས་གསལ་ཐང་ཡིན་དུས།    སྐུའི་ཡང་སྲིད་ཀྱི་ཐོག་ལ་ད་ལྟ་གླེང་དགོས་དོན་མེད་སྐོར་དེ་སྔ་གསར་འགོད་ཅིག་གིས་དྲི་བ་ཞུས་སྐབས་བཀའ་གནང་ཡོད་སྐོར་ཡང་གསུངས་སོང་།    ༧གོང་ས་མཆོག་ནས་དེ་རིང་ཉིན་རྒྱབ་ཕྱག་ཚོད་༡།༣༠ཐོག་ཁ་ཆའི་ཆོས་ལུགས་གི་ནང་ཅུང་ཟད་གུ་ཡངས་ཀྱི་ལྟ་བ་འཛིན་མཁན་སུ་ཕི་ཞེས་པའི་ཆོས་བརྒྱུད་ཀྱི་ལྟ་གྲུབ་དང་ནང་ཆོས་དབར་བགྲོ་གླེང་གི་ཚོགས་མགོན་དུ་ལྷན་བཞུགས་གནང་གི་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎