པདྨ་ལགས་འཛིན་བཟུང་བཙན་ཁྲིད།


2013.03.14
གསེར་རྟ་རྫོང་།
བོད་ནས་བཏང་འབྱོར།

༄༅།    །ཕྱི་ལོ་༢༠༡༢ ཟླ་༡ ཚེས་ཚེས་༢༤ ཉིན་གསེར་རྟ་རྫོང་ཐོག་ཏུ་མི་མང་གིས་གཞུང་ལ་ཞི་བའི་ངོ་རྒོལ་གྱི་སྐད་འབོད་བྱས་པར་བརྟེན། རྒྱ་ནག་གིས་དྲག་གནོན་བྱས་ཏེ། མི་མང་པོར་རྨས་སྐྱོན་བྱུང་བས་མ་ཟད། གསེར་རྟ་རྫོང་ཤོ་རེབ་གྲོང་ཚོའི་ཟླ་བ་གྲགས་པ་དམར་གསོད་བཏང་བའི་ཉིན་པདྨ་ལགས་ཀྱང་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་འདུག སྐབས་དེར་རྒྱ་ནག་གཞུང་གིས་མེ་མདའ་བརྒྱབ་སྟེ་ཁོང་གི་ལག་པར་རྨས་སྐྱོན་ཕོག་ཡོད་ནའང་། ཁོང་རིའི་སྒང་དུ་བྲོས་བྱོལ་ལ་སོང་སྟེ་བསྡད་ཡོད་འདུག འོན་ཀྱང་ཟླ་འདིའི་ཚེས་༨ ཉིན་རྒྱ་གཞུང་གིས་ཁོང་འཇུ་བཟུང་བཙན་ཁྲིད་བྱས་པ་དང་། ད་ལྟ་འབྲེལ་ཡོད་ཀྱིས་གང་དུ་ཁྲིད་ཡོད་མེད་ཙམ་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། པདྨ་ལགས་ནི་ཁམས་དཀར་མཛེས་ཁུལ། གསེར་རྟ་རྫོང་། གནུབ་ཟུར་ཡུལ་ཚོ། ཨ་སྐྱབས་སྡེ་པ་ནས་ཡིན་པ་དང་། ཕའི་མིང་ལ་ཏེ་པོ་དང་། མའི་མིང་ལ་ནོར་རྒྱུན་ཟེར་གྱི་ཡོད་འདུག     ད་ལྟ་རང་ལོ་༢༢ ཡིན་འདུག །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎