པདྨ་རྒྱལ་མཚན་ལགས་ཀྱིས་རང་ལུས་མེར་བསྲེཊ་གནང་འདུག
2017.03.19

གནས་ཚུལ་ཁ་སྣོན།
ཁམས་ཉག་རོང་ནས་ཡིན་པ་པདྨ་རྒྱལ་མཚན་ལགས་ཀྱིས་རང་ལུས་མེར་བསྲེཊ་རྗེས་བོད་མི་མང་པོ་འཇུ་བཟུང་བྱས་འདུག
གནས་ཚུལ་དངོས་དུ་མཐོང་མཁན་ཞིག་གིས་བརྗོད་པ་འདི་ག་རླུང་འཕྲིན་ཁང་ལ་འབྱོར་བ་ལྟར་ན། སྤྱི་ལོ་༢༠༡༧ ཟླ་ ༣ ཚེས་ ༡༨ ཉིན་དཀར་མཛེས་རྫོང་ཐོག་གི་རྟ་ཇི་གསུམ་མདོ་ནས་རང་ལུས་མེར་སྲེག་གནང་མཁན་ཉག་རོང་ཕྱོགས་ཀྱི་པདྨ་རྒྱལ་མཚན་ལགས་སྤྱི་ཚེ་༡༩་ཉིན་སྐུ་གྲོངས་མེད་པར་དཀར་མཛེས་སྨན་ཁང་ལ་སྐྱེལ་ཡོིད་ཀྱང་ཚེ་སྲོག་གི་ཉེན་ཁའི་གནས་སུ་ཡོད་འདུག དེར་བརྟེན་ཁོང་གི་ནང་མི་ཚོས་ཁོང་ལ་སྨན་བཅོས་ཚད་ལྡན་ཡོང་ཆེད་རྒྱ་ནག་གི་ཁྲིན་ཏུའུ་སྨན་ཁང་དུ་ཁྲིད་རྒྱུའི་དགོས་འདུན་བཏོན་ཡོད་ཀྱང་རྒྱ་ནག་གཞུང་གིས་ངོས་ལེན་མ་བྱས་བ་དང་ནང་མི་ལ་རྩིས་སྤྲོད་བྱས་མེད་པ་རེད་འདུག
ད་དུང་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བྱུང་བ་དང་། ཉེ་འཁོར་གྱི་བོད་མི་ཚོས་པདྨ་རྒྱལ་མཚན་སྲུང་སྐྱོབ་བྱེད་ཐབས་བྱས་བ་དང་། རྒྱབ་སྐྱོར་ཚུལ་གྱིས་ཀི་སྒྲ་སྒྲོག་པ་སོགས་བྱས་ཡོད་ཀྱང་དེ་མ་ཐག་རྒྱ་ནག་གི་ཉེན་རྟོག་པ་དང་། དྲག་ཆས་དམག་མི་མང་པོ་འབྱོར་ནས་ཉུང་མཐར་ཡང་བོད་མི་མི་གྲངས་༢༠༠་ཙམ་འཇུ་བཟུང་བྱས་བ་དང་། མང་པོ་ཞིག་གི་ལག་ནས་ལག་འཁྱེར་ཁ་པར་འཕྲོག་པ་སོགས་བྱས་ནས་ས་གནས་སུ་དམ་དྲག་ཆེན་པོ་བྱས་བ་དང་། དྲ་ལམ་ཁག་བཀག་སྡོམ་བྱས་ཡོད་པའི་རྗེས་ནས་གནས་ཚུལ་གནས་སྟངས་ཤེས་རྟོགས་དཀའ་བར་གྱུར་འདུག།
གསར་འགོད་པ་ཀླུ་འབུམ།
ཞིབ་ཕྲ་གོང་ནས་འདི་གའི་གསར་འགོད་པ་ཟླ་བ་སྒྲོལ་མ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་ཐུབ།