དོན་གཅོད་མཆོག་གིས་ཨ་རིའི་གྲོས་ཚོཊ་གོང་འོག་གི་མི་སྣར་མཇལ་མོལ།


2017.03.03
བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་འོག་གི་གནད་ཡོད་མི་སྣར་མཇལ་མོལ་གནང་སྐབས། ༢༠༡༧།༣།༡ བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་འོག་གི་གནད་ཡོད་མི་སྣར་མཇལ་མོལ་གནང་སྐབས། ༢༠༡༧།༣།༡
ICT

བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་འོག་གི་གནད་ཡོད་མི་སྣར་མཇལ་མོལ་གནང་འདུག
དེ་ཡང་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་དང་། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་དང་འགན་འཛིན་བཅས་ཀྱིས་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་མང་དག་མཇལ་འཕྲད་དང་གྲོས་མོལ་གནང་འདུག ཕྱི་ཚེས་༡་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་Richard Gere་མཆོག་དང་འགན་འཛིན་སྐུ་ཞབས་Matteo Mecacci་མཆོག་བཅས་ཀྱིས་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་Bob Corker་དང་། སྐུ་ཞབས་Ben Cardin སྐུ་ཞབས་ Marco Rubio, སྐུ་ཞབས་John McCain་བཅས་དང་། དེ་བཞིན་མང་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་དབུ་ཁྲིད་ལྕམ་Nancy Pelosi་དང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་Eliot Engel, Jim McGovern་སོགས་དང་མཇལ་ནས་བོད་དོན་གླེང་སློང་གནང་འདུག།

གསར་འགོད་པ་ལྷུན་གྲུབ་ཚེ་རིང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎