ཁ་མཆུ་ཨང་ཉི་ཤུ་པའི་བཀའ་ཤག་གི་ཁྲིམས་རྩོད་པས་ཡང་བསྐྱར་དུས་ཚོད་འཕར་འགྱངས་དགོས་བ་ཞུས་འདུག


2019.06.05
མ་ཉེས་ཁ་གཡོག་གི་ཁྲིམས་གཏུག་བྱས་བའི་ཁ་མཆུ་ཨང་༢༠་པའི་ཉན་ཞིབ་སྐབས། ༢༠༡༩།།༦།༥ མ་ཉེས་ཁ་གཡོག་གི་ཁྲིམས་གཏུག་བྱས་བའི་ཁ་མཆུ་ཨང་༢༠་པའི་ཉན་ཞིབ་སྐབས། ༢༠༡༩།།༦།༥
ཆེས་མཐོའི་ཁྲིམས་ཞིབ་ཁང་།

བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བརྒྱུད་བཀའ་ཤག་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་མ་ཉེས་ཁ་གཡོག་གི་ཁྲིམས་གཏུག་བྱས་བའི་ཁ་མཆུ་ཨང་༢༠་པའི་ཉན་ཞིབ་ཐོག་མ་གནང་སོང་།
ཕྱི་ལོ་༢༠༡༩་ཟླ་བ་དྲུག་པའི་ཕྱི་ཚེས་༥་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ། ཁ་མཆུ་ཨང་༢༠་བའི་གྱོད་གཞིའི་སྐོར་དངོས་སུ་དབུ་འཛུགས་མ་གནང་གོང་། ཁྲིམས་ཞིབ་པ་ཆེ་བ་བཀའ་རྒྱུད་དོན་གྲུབ་མཆོག་གིས་ཕྱི་ལོ་༢༠༡༨་ལོའི་ཕྱི་ཟླ་ལྔ་པའི་ཚེས་༡༨་ཉིན། ཆེས་མཐོའི་ཁྲིམས་ཞིབ་ཁང་ཏུ་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ཀྱིས་ཞུ་རྩ་ཕུལ་བའི་གྱོད་གཞིའི་བརྒྱུད་རིམ་ཆ་ཚང་ཞིབ་ཕྲ་ངོ་སྤྲོད་གནང་སོང་བ་མ་ཟད། ཞུ་སྦྱོར་བའི་ཞུ་རྩ་དང་རྩོད་ལན་པའི་ཞུ་ལན། དེ་བཞིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བརྡ་ཐོ་རིམ་པར་བཏང་བ་རྣམས་དུས་ཚེས་དང་བཅས་པ་ངོ་སྤྲོད་གནང་རྗེས། ད་ལན་གྱི་ཁ་མཆུ་དེ་བཞིན། མ་ཉེས་ཁ་གཡོག་གི་ཁ་མཆུ་ཞིག་ཡིན་པ་མ་གཏོགས་དོན་གཅོད་འཕོ་འགྱུར་ཐག་གཅོད་ཀྱི་སྐུ་དབང་ཡོངས་རྫོགས་བཀའ་ཤག་ལ་ཡོད་པའི་ཐད་ཕྱོགས་གཉིས་ཀར་རྩོད་པ་མེད་སྟབས་དེའི་ཐད་རྩོད་པ་མེད་པ་དང་། གཞན་ཡང་བརྒྱུད་རིམ་ཁྲོད་རྩོད་ལན་པ་བཀའ་ཤག་ནས་བཅའ་ཁྲིམས་དོན་ཚན་༡ནང་གསེས་༣་པ་དང་འབྲེལ་བ་བཏགས་ནས་ཁ་མཆུ་ངོས་བཞེས་རྩིས་མེད་ཡོང་བ་ཞུ་བའི་ཐད། དེ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རང་ཆས་སུ་ཡོད་པའི་སྐུ་དབང་དེ་དག་དང་། བཅའ་ཁྲིམས་དང་སྒྲིག་གཞི་གཞན་གྱི་འོག་དུ་གསལ་བའི་འཛིན་སྐྱོང་གི་འགན་དབང་གཉིས་མཉམ་བསྲེས་བྱེད་ན་མི་འགྲིག་སྟབས་༧གོང་ས་སྐྱབས་མགོན་ཆེན་པོའི་མཚན་གནས་དང་འབྲེལ་བའི་གནད་དོན་ལུང་འདྲེན་གྱིས་ཁ་མཆུ་རྩིས་མེད་ཡོང་བའི་རེ་སྐུལ་གནང་བ་དེ་དག་ཀྱང་ངོས་བཞེས་གནང་མེད་པ་དང་། ད་ལན་གྱི་ཁ་མཆུ་ཁྲོད་༧གོང་ས་མཆོག་གི་མཚན་འབོད་ཞུས་པ་ཡོངས་རྫོགས་ཁ་མཆུ་དེར་འབྲེལ་མེད་ཡིན་པའི་ཐག་གཅོད་གནང་ཡོད་སྐོར་གསལ་བཤད་གནང་འདུག
ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལགས་དང་ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད་ལགས། དེ་བཞིན་རྩོད་ལན་པ་བཀའ་ཤག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་གཉིས་དབར་ཉན་ཞིབ་ཉིན་དང་པོར་གནད་དོན་གསལ་བཟོའི་ལས་དོན་བསྐྱངས་གནང་སོང་། གནད་དོན་གསལ་བཟོའི་སྐབས་ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་ཞུ་རྩ་དང་ཞུ་ལན་ཞིབ་བསྡུར་གནང་འབྲས་ཞུ་ལན་ནང་དགག་ལན་ཁ་གསལ་མེད་པ་ཁག་གི་ཐོག་རྩོད་ལན་པས་ལན་འདེབས་ཡོད་མེད་ཐད་འདྲི་རྩད་གནང་སོང་།
ཉིན་རྒྱབ་རྩོད་ལེན་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་ནས། སྤྱིར་བཏང་ལན་འདེབས་ཕུལ་ཟིན་ཡོད་ཀྱང་ནང་གསེས་རེ་རེའི་ཐོག་ཁ་གསལ་ཡོང་བའི་ཆེད་དུ་སྤྱི་མང་ཁྲིམས་ཡིག་དོན་ཚན་༣༣་ནང་གསེས་དགོངས་དོན་ལྟར་ཡང་བསྐྱར་ཟླ་བ་གསུམ་འཕར་འགྱངས་ཡོང་བ་ཞུས་པར། ཞུ་སྦྱོར་བའི་ཁྲིམས་རྩོད་པས་དགག་པ་གནང་ཏེ་དེ་སྔོན་དུས་ཚོད་འདེངས་ངེས་གནང་ཟིན་པར་སོང་། ཡང་བསྐྱར་དུས་ཚོད་མ་གནང་རོགས་ཞེས་འབོད་སྐུལ་ཞུས་གནང་བས་ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་དུས་ཚོད་གནང་མིན་དེ་རྗེས་སུ་ལྷན་ཚོགས་གནང་ཏེ་བརྡ་ལན་གནང་རྒྱུ་ཡིན་པ་གསུང་གནང་སོང་།
རྩོད་ལེན་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་སུ། དུས་ཚོད་ཡང་བསྐྱར་འཕར་འགྱངས་ཞུ་དགོས་དོན་ག་རེ་ཆགས་མིན་ཐད་ལ་སྐད་ཆ་དྲིས་པར། ཁོང་གིས། ནང་དོན་གྱི་ཆ་ནས་ང་ཚོས་ལན་ཆ་ཚང་ཕུལ་ཡོད། ཡིན་ཡང་ཡང་བསྐྱར་ལན་རྒྱག་དགོས་པ་གསུངས་ཡོང་དུས་ང་ཚོས་ལན་རྒྱག་ཆོག་པ་ཞུས་བ་དེ་ཡིན་ཅེས་ངོ་སྤྲོད་གནང་བྱུང་།
ཞུ་སྦྱོར་བའི་ཁྲིམས་རྩོད་པར་སྐད་ཆ་དྲིས་སྐབས་། ཁོང་མོས་དེ་རིང་གནད་དོན་གསལ་བཟོའི་བྱ་རིམ་དང་འབྲེལ་བའི་སྐོར་ལ་དགོངས་ཚུལ་གང་ཡང་གསུང་རྒྱུ་མེད་ཅེས་གསུངས་གནང་སོང་།
ཆེས་མཐོའི་ཁྲིམས་ཞིབ་བ་ཆེ་བ་མཆོག་གིས་གསུངས་དོན་ལྟར་ན། ད་རེས་ཁ་མཆུ་ཨང་༢༠པའི་ཉན་ཞིབ་ཀྱི་ཉིན་དང་པོ་ཡིན་པ་དང་། རིམ་པས་དེའི་ཐད་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་དམངས་གཏུགས་བཤེར་ཁྲིམས་ཡིག་གི་དགོངས་དོན་གནད་དོན་གཏན་འབེབས་དང་། དེ་ནས་ཞིབ་གཅོད། དེ་ནས་དཔྱད་ཁྲ་གཏོང་རྒྱུ་སོགས་ཐག་གཅོད་གནང་རྒྱུ་ཡིན་པ་རེད།མ་ཉེས་ཁ་གཡོག་གི་ཁྲིམས་གཏུག་བྱས་བའི་ཁ་མཆུ་ཨང་༢༠་པའི་ཉན་ཞིབ་སྐབས། ༢༠༡༩།།༦།༥

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎