ཨ་རིའི་མང་ཚོགས་ཁྲོད་རྒྱ་ནག་ལ་མི་དགའ་བའི་རྣམ་འགྱུར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་སྙན་ཐོའི་ནང་གསལ་འདུག

2024.05.02
ཨ་རིའི་མང་ཚོགས་ཁྲོད་རྒྱ་ནག་ལ་མི་དགའ་བའི་རྣམ་འགྱུར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་སྙན་ཐོའི་ནང་གསལ་འདུག ཨ་མི་རི་ཀའི་ཉམས་ཞིབ་བསྟི་གནས་ཁང་གིས་བཏོན་པའི་སྙན་ཐོ་ལྟར་ན་ཨ་རིའི་མང་ཚོགས་ཁྲོད་རྒྱ་ནག་ལ་མི་དགའ་བའི་རྣམ་འགྱུར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་གསལ་པ། ༠༥།༠༡།༢༠༢༤
PEW

དེ་ཡང་ཨ་རིའི་(PEW Research Center)་ཞེས་པའི་ཉམས་ཞིབ་བསྟི་གནས་ཁང་གིས་འདི་ཚེས་༡་གཟའ་ལྷག་པའི་ཉིན་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པའི་ནང་གསལ་ལྟར་ན། ཨ་མི་རི་ཀའི་ནང་མི་མང་བརྒྱ་ཆ་༤༢ལྷག་གིས་རྒྱ་ནག་ནི་དགྲ་བོར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། དེ་ནི་ལོ་ངོ་གཉིས་ཀྱི་གོང་ལས་བརྒྱ་ཆའི་ཆ་ནས་མང་དུ་ཕྱིན་པ་ཞིག་ཡིན་འདུག དེའི་ཁོངས་སུ་སྤྱི་མཐུན་ཚོགས་པའི་མི་རབས་རྒན་པ་ཚོས་རྒྱ་ནག་ལ་མི་དགའ་བའི་རྣམ་འགྱུར་ཤུགས་ཆེ་བ་ཡོད་པ་དང་། དེའི་རྒྱུ་རྐྱེན་གཅིག་ནི་ད་ལྟའི་ཨ་རིའི་དཔལ་འབྱོར་ཉམས་རྒུད་ཕྱིན་པའི་གནད་དོན་གྱི་ཐོག་ནས་ཡིན་པའི་སྐོར་བཀོད་འདུག
ཡང་གོང་ཞུས་ཞིབ་འཇུག་སྙན་ཐོའི་ནང་། བསམ་ཚུལ་བསྡུ་ལེན་བྱེད་ཡུལ་གྱི་མང་ཚོགས་བརྒྱ་ཆ་ཕྱེད་ཀ་ཙམ་གྱིས་རྒྱ་ནག་ནི་ཨ་རིའི་འགྲན་རྩོད་བྱ་ཡུལ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། བརྒྱ་ཆ་དྲུག་ཙམ་གྱིས་རྒྱ་ནག་ལ་དགའ་མོས་བྱེད་ཀྱི་ཡོད་པའི་གྲས་ནི་མང་ཆེ་བ་གཞོན་སྐྱེས་ལོ་ན་བཅོ་བརྒྱད་ནས་ཉི་ཤུ་རྩ་གྲངས་བར་ཡིན་འདུག གང་ལྟར་ཨ་རིའི་ནང་རྒྱ་ནག་ཐོག་འདས་པའི་ལོ་ངོ་གཉིས་ཙམ་གྱི་གོང་དང་མི་འདྲ་བར་དགྲ་བོར་ངོས་འཛིན་བྱེད་པའི་རྣམ་པ་དང་མི་དགའ་བའི་རྣམ་པ་ཤུགས་ཆེ་རུ་འགྲོ་བཞིན་པའི་རྒྱུ་མཚན་སོགས་མང་དག་ཞིག་ལ་བརྟེན་ནས་ཨ་རིའི་སྲིད་གཞུང་གིས་ཉེ་བའི་ཆར་རྒྱ་ནག་གི་ཚན་རྩལ་ཁེ་ལས་ཚན་པ་(Bytedance)་ཞེས་པས་བདག་གཉེར་བྱེད་བཞིན་པའི་(TikTok)་སྤྱི་ཚོགས་དྲྭ་རྒྱ་བཀག་སྡོམ་བྱེད་བཞིན་པ་སོགས་ཀྱི་གནད་དོན་སྐོར་ཡང་བཀོད་འདུག
དེ་དང་ཕྱོགས་མཚུངས་རྒྱ་ནག་ནི་འཛམ་གླིང་ནང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པའི་བསམ་ཚུལ་བཏོན་པ་དང་། ཨ་རིའི་དཔལ་འབྱོར་ལ་དོ་ཕོག་འགྲོ་བའི་གནས་སྟངས་ཀྱི་ལེ་ཁག་རྒྱ་ནག་ལ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་ལུགས་བཀོད་འདུག
གནད་དོན་དབྱེ་ཞིབ་པ་ཚོས། རྒྱ་ནག་དང་ཨ་རི་གཉིས་བར་འདས་པའི་ལོ་ཤས་ནས་བཟུང་གྲང་དམག་གི་གནས་སྟངས་ལྟ་བུར་འགྱུར་རྒྱུའི་ཉེན་ཁ་ཆགས་ཀྱི་ཡོད་པར་གཟིགས་ཀྱི་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་ཡུལ་གཉིས་བར་འབྲེལ་ལམ་ཟབ་ཏུ་གཏོང་ཐབས་སུ་ཨ་རིའི་ཕྱི་སྲིད་དང་ནོར་སྲིད་དྲུང་ཆེ་རྣམ་གཉིས་རྒྱ་ནག་ལ་འཚམས་གཟིགས་ཕེབས་པ་སོགས་ཀྱི་གནས་སྟངས་ཕྲན་བུའི་བཟང་ཕྱོགས་སུ་ཁ་ལོ་བསྒྱུར་རྒྱུའི་རེ་བ་ཞིག་གི་ཡོད་ལུགས་ཀྱང་བཀོད་འདུག


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎