འཐབ་བྱུས་མཉམ་འབྲེལ་གྱི་གནད་དོན་ཐད་བཀའ་བསྡུར་གནང་བ།


2015.02.03
ཧྥེ་ལི་པིནསི་ཡི་ཕྱི་སྲིད་བློན་ཆེན་Albert del Rosarioདང་། ཝིཡེཏ་ནམ་གྱི་ཕྱི་སྲིད་བློན་ཆེན་Pham Binh Minhརྣམ་གཉིས། ཧྥེ་ལི་པིནསི་ཡི་ཕྱི་སྲིད་བློན་ཆེན་Albert del Rosarioདང་། ཝིཡེཏ་ནམ་གྱི་ཕྱི་སྲིད་བློན་ཆེན་Pham Binh Minhརྣམ་གཉིས།
AFP

ཝིཡེཏ་ནམ་དང་ཧྥེ་ལི་པིནསི་གཉིས་ཀྱི་དཔོན་རིཊ་དབར་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་གཙོས་འཐབ་བྱུས་མཉམ་འབྲེལ་གྱི་བཀའ་བསྡུར་གནང་འདུག
དེ་ཡང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྒྱ་ནག་གི་སྟོབས་ཤུགས་ངོམ་སྟོན་བྱེད་བཞིན་པར་ངོ་རྒོལ་ཤུགས་ཆེ་བྱ་མཁན་ཝིེཡེཏ་ནམ་དང་། ཧྥེ་ལི་པིནསི་གཉིས་ཀྱི་དཔོན་རིགས་དབར་འཐབ་བྱུས་མཉམ་འབྲེལ་གྱི་གནད་དོན་ཐད་བཀའ་བསྡུར་གནང་ཡོད་པ་དང་། ཧྥེ་ལི་པིནསི་ཡི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་Charles Joseཡིས་རྒྱ་ནག་གི་མིང་དངོས་སུ་མ་སྨྲོས་པའི་ཐོག་ནས་ཝིཡེཏ་ནམ་དང་ང་ཚོའི་དབར་འབྲེལ་ཡོད་ཀྱི་གནད་དོན་སྤྱི་དང་། ལྷག་པར་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གནད་དོན་གཙོ་བཟུང་གི་ཐོག་ནས་བཀའ་བསྡུར་ཞུས་ཡོད་ཅེས་དང་། བཀའ་མོལ་དེ་ཡང་གཟའ་འཁོར་སྔོན་མར་ཧྥེ་ལི་པིནསི་ཡི་ཕྱི་སྲིད་བློན་ཆེན་Albert del Rosarioདང་། ཝིཡེཏ་ནམ་གྱི་ཕྱི་སྲིད་བློན་ཆེན་Pham Binh Minhརྣམ་གཉིས་མཇལ་འཕྲད་གནང་ཡོད་པ་གསལ་བཤད་གནང་པ་དང་། ཁོང་གིས་ང་ཚོའི་དབར་ཐོུང་གི་འཐབ་བྱུས་སྤྱི་དང་ལྷག་པར་དུ་ལྷོ་རྒྱ་ནག་རྒྱ་མཚོའི་གནས་བབས་ཐོག་ཐོུང་གི་འཐབ་བྱུས་ངེས་པར་ཡོད་དགོས་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་འདུག
སྔ་ལོ་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་རྙོག་ཡོད་པའི་མཚོ་གླིང་ཞིག་གི་ཁར་རྡོ་སྣུམ་སྔོག་འདོན་གྱི་ཡོ་བྱེད་འོར་འདྲེན་བྱས་པར་ཝིཡེཏ་ནམ་དང་རྒྱ་ནག་དབར་རྩོད་པ་ཆེན་པོ་བྱུང་ཞིང་། ཝིེཡཏ་ནམ་མི་དམངས་ཀྱིས་རྒྱ་ནག་གི་བྱ་སྤྱོད་ལ་ངོ་རྒོལ་ཤུགས་ཆེ་བྱས་ཡོད་པ་རེད།
ཧྥེ་ལི་པིནསི་ནི་དམག་དོན་དང་དཔལ་འབྱོར་གཉིས་ཀའི་ཆ་ནས་རྒྱ་ནག་དང་བསྡུར་ཡ་མེད་ཀྱང་། རྒྱ་ནག་གིས་བྱ་སྤྱོད་ལ་རྟག་ཏུ་ངོ་རྒོལ་ཤུགས་ཆེ་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་ནག་གི་ཐུབ་ཚོད་ལྟ་བུའི་བྱ་སྤྱོད་འགོག་ཐབས་ཐད་ཨ་མི་རི་ཀ་དང་། ཝིེཡེཏ་ནམ། ཉི་ཧོང་སོགས་དང་དམག་དོན་གྱི་འབྲེལ་ལམ་རྒྱ་བསྐྱེད་བྱེད་མཁན་ཞིག་ཡིན་པ་རེད།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎