བོད་མི་བཙན་བྱོལ་དུ་ལོ་༥༠རིང་གི་པར་རིས་འགྲེམས་སྟོན།

རྒྱ་གར་གྱི་གྲོང་ཁྱེར་སྦེང་ལོར་ནང་ཕྱི་ཟླ་བརྒྱད་པའི་ཚེས་༢༥ཉིན་བོད་མི་བཙན་བྱོལ་དུ་མི་ལོ་༥༠རིང་གི་པར་རིས་འགྲེམས་སྟོན་ཞིག་གནང་འདུག

2010.08.28

༄༅༎བཙན་བྱོལ་བོད་གཞུང་ཕྱི་འབྲེལ་འགྲེམས་སྟོན་ཚན་པ་དང་སྦེང་ལོར་འཕགས་བོད་མཛའ་འབྲེལ་ཚོགས་པ་ཐུན་མོང་གི་གོ་སྒྲིག་འོག   རྒྱ་གར་གྱི་གྲོང་ཁྱེར་སྦེང་ལོར་ནང་ཕྱི་ཟླ་བརྒྱད་པའི་ཚེས་༢༥ཉིན་བོད་མི་བཙན་བྱོལ་དུ་མི་ལོ་༥༠རིང་གི་པར་རིས་འགྲེམས་སྟོན་ཞིག་གནང་ཡོད་པ་རེད་

འགྲེམས་སྟོན་དབུ་འབྱེད་མཛད་སྒོར་སྦེང་ལོར་ས་གནས་གྲོས་ཚོགས་ཀྱི་འཐུས་མི་དང་དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ཚོགསཔ་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་སོགས་སྐུ་མགྲོན་མང་པོ་ཞིག་ཕེབས་ཡོད་པ་དང་ བཙན་བྱོལ་བོད་གཞུང་རྒྱ་གར་ལྷོ་ཕྱོགས་སྐུ་ཚབ་དོན་གཅོད་སྐུ་ཞབས་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་སྐུ་མགྲོན་རྣམ་པ་ཚོར་ཕེབས་བསུའི་སྣེ་ལེན་ཞུས་གནང་ཡོད་ཅིང་ འགྲེམས་སྟོན་གྱི་དབུ་འབྱེད་མཛད་སྒོའི་ཐོག་སྦེང་ལོར་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་རོ་ཤན་སྦེག་དང་སྐུ་ཞབས་སུ་རེཤ་ཧེབ་ལི་ཀར་ཡིས་གསུང་བཤད་གནང་ཡོད་པ་རེད་

འགྲེམས་སྟོན་འགོ་ཁྲིད་གནང་མཁན་གྱིས་གཙོ་བོ་པར་རིས་ཀྱི་འགྲེམས་སྟོན་དེ་བརྒྱུད་ནས་རྒྱ་གར་གྱི་ཡུལ་མི་་ཚོས་བོད་མི་བཙན་བྱོལ་དུ་སླེབས་པའི་རྗེས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་གཞིས་ཆགས་རྟེན་གཞི་བཙུགས་ནས་བོད་མིའི་མི་འབོར་མང་པོ་ཞིག་རྒྱ་གར་ལྷོ་ཕྱོགས་སུ་གནས་སྡོད་བྱེད་བཞིན་པའི་གནས་སྟངས་དང་ དེ་བཞིན་བོད་ཀྱི་ལོ་རྒྱུས་དང་ད་ཡོད་གནས་སྟངས་ཤེས་རྟོགས་ཡོང་རྒྱུར་དམིགས་ནས་སྤེལ་བ་ཞིག་ཡིན་པ་གསུང་འདུག

དེ་དང་འབྲེལ་ཕྱི་ཚེས་༢༤ཉིན་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ཁོར་ཡུག་ཚན་པས་ཀྱང་སྦེང་ལོར་ནང་རྟེན་གཞི་བྱས་པའི་བོད་གཞུང་ནང་སྲིད་ལས་ཁུངས་ཀྱི་དབུས་ངལ་སེལ་ཚོགས་པའི་ལས་རིགས་སྦྱོང་བརྡར་ལྟེ་གནས་ཁང་དུ་བོད་ཀྱི་ཁོར་ཡུག་གནས་སྟངས་སྐོར་ངོ་སྤྲོད་དང་ ལྷག་པར་དུ་བོད་ནང་གི་གནམ་ཤིས་འགྱུར་ལྡོག་དང་ ཆུའི་གནད་དོན་ བོད་ནང་རྩ་ཐང་དང་འབྲོག་པ་རྩ་ཐོར་འགྲོ་བཞིན་པ་ རང་འབྱུ་གཏེར་དངོས་སྔོག་འདོན་བྱས་དང་བྱེད་མུས་ཡིན་པའི་གནས་ཚུལ་སྐོར་ལ་འབྲེལ་ཡོད་ལས་བྱེད་ནས་གཏམ་བཤད་གནང་ཡོད་པ་རེད

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎