རྒྱ་གར་ལྷོ་ཕྱོགས་སུ་བཙན་བྱོལ་བོད་མིའི་འགྲེམས་སྟོན།

བོད་མི་བཙན་བྱོལ་དུ་ཡོང་བའི་གནས་སྟངས་དང་བཙན་བྱོལ་ནང་འཚོ་བ་བསྐྱལ་སྟངས་མཚོན་པའི་འདྲ་པར་གྱི་འགྲེམས་སྟོན་ཞིག་གོ་སྒྲིག།

2010.09.07

༄༅༎རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་མའེ་སོར་ནང་བོད་མི་བཙན་བྱོལ་དུ་ཡོང་བའི་གནས་སྟངས་དང་བཙན་བྱོལ་ནང་འཚོ་བ་བསྐྱལ་སྟངས་མཚོན་པའི་འདྲ་པར་གྱི་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་ཡོད་པའི་སྐོར་དེ་རིང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བཞག

དེ་ཡང་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུའི་རིང་རྒྱ་གར་གཞུང་དམངས་གཉིས་ཀྱི་མཐུན་འགྱུར་རོགས་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་ཞུ་བའི་ཆེད་དུ་བཙན་བྱོལ་བོད་གཞུང་གི་བོད་ཀྱི་འགྲེམས་སྟོན་ལས་ཁང་དང་གྲོང་ཁྱེར་མའེ་སོར་ནང་དུ་ཡོད་པའི་རྒྱ་གར་བོད་ཀྱི་མཛའ་གྲོགས་ཚོགས་པ་གཉིས་ཟུང་འབྲེལ་གྱིས་ཕྱི་ཟླ་དགུ་པའི་ཚེས་༥རེས་གཟའ་ཉི་མའི་ཉིན་འདྲ་པར་གྱི་འགྲེམས་སྟོན་གོ་སྒྲིག་ཞུས་ཏེ། དེ་ཉིན་འགྲེམས་སྟོན་གྱི་མཛད་སྒོའི་གཏམ་གཤད་གནང་གྲུབ་པའི་རྗེས་རྒྱ་གར་བོད་ཀྱི་མཛའ་གྲོགས་ཚོགས་པའི་ཚོགས་གཙོ་མཆོག་གིས་འདྲ་པར་དབུ་འབྱེད་གནང་ཡོད་པ་རེད། ཁོང་ནི་འདྲ་པར་འགྲེམས་སྟོན་དེའི་གཙོ་བའི་སྐུ་མགྲོན་དུ་གདན་ཞུ་བྱས་པ་ལྟར་དབུ་འབྱེད་ཀྱི་གསུང་བཤད་དང་དེ་བཞིན་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཇི་མ་རྡུ་སུ་རྡན་རྣམ་གཉིས་ཀྱིས་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱེད་པ་དང༌། བོད་མི་ཚོའི་ངོས་ནས་རང་དབང་དང་བདེན་པའི་ཆེད་དུ་འཚེ་མེད་ཞི་བའི་ཐོག་ནས་འཐབ་རྩོད་བྱེད་ཀྱི་ཡོད་པའི་སྐོར་ལོ་རྒྱུས་གཏམ་བཤད་གནང་ཡོད་པ་རེད། དེ་བཞིན་གྱི་མཛད་སྒོ་དེའི་ཐོག་ལ་བོད་དོན་རྒྱབ་སྐྱོར་གནང་མཁན་གནད་ཡོད་རྒྱ་གར་གྱི་དཔོན་རིགས་ཁག་ཅིག་ཕེབས་ཡོད་པ་དང༌། རྒྱ་གར་ས་གནས་མི་དམངས་དང་བོད་མི། ཕྱི་རྒྱལ་བ། གསར་འགོད་པ་སོགས་ཁྱོན་མི་གྲངས་༣༠༠ལྷག་འགྲེམས་སྟོན་དེར་བལྟ་བར་སླེབས་ཡོད་ཅིང༌། འགྲེམས་སྟོན་ནང་དུ་འདྲ་པར་ཁག་དྲུག་བཅུ་ཡོད་པའི་ནང༌། བཙན་བྱོལ་ནང་གི་བོད་མི་ཚོའི་འཚོ་གནས་ཀྱི་སྐོར་དང༌། རྒྱ་ནག་གཞུང་གིས་བོད་ཀྱི་ཐོུང་མ་ཡིན་པའི་ཁོར་ཡུག་དང་རིག་གཞུང་རྩ་གཏོར་བཏང་བའི་གནས་སྟངས། བོད་མི་རྣམས་རྒྱ་གར་དུ་བཙན་བྱོལ་དུ་ཡོང་བའི་གནས་སྟངས། རྒྱ་གར་དུ་འབྱོར་བའི་རྗེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་ཐོབ་པའི་འབྱུང་རིམ་སྐོར་ཡིན་པ་རེད། ད་དུང་བོད་ཀྱི་འགྲེམས་སྟོན་ཁང་གིས་ཕྱི་ཟླ་དགུ་པའི་ཚེས་༨དང་༩ཉིན་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་ཀོ་ལེ་གལ་དོན་ལྡན་གླིང་བོད་མི་གནས་སྡོད་གཞིས་ཆགས་ནང་འགྲེམས་སྟོན་གོ་སྒྲིག་ཞུ་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎