རྒྱ་གར་དང་པ་ཀི་སི་ཐན་གྱི་གྲོས་མོལ་ལ་འགོག་རྐྱེན་ཡོང་གཞི།

རྒྱ་གར་གཞུང་ཚབ་ཐོག་འབར་རྫས་ཀྱི་གཏོར་རྒོལ་བཏང་བའི་དོན་རྐྱེན་གྱི་ཐོག་ནས་རྒྱ་གར་དང་པ་ཀི་སི་ཐན་བར་ཞི་མོལ་ལ་འགོག་རྐྱེན་ཐེབས་འདུག

2008.08.15

༄༅༎དེ་རིང་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་ཡིས་ཁ་སྔོན་ཕྱི་ཟླ་བདུན་པའི་ནང་ཨཕ་ག་ནིསི་ཐན་གྱི་རྒྱལ་ས་ཀ་སྦུལ་ནང་ཡོད་པའི་རྒྱ་གར་གཞུང་ཚབ་ཐོག་འབར་རྫས་ཀྱི་གཏོར་རྒོལ་བཏང་བའི་དོན་རྐྱེན་གྱི་ཐོག་ནས་རྒྱ་གར་དང་པ་ཀི་སི་ཐན་བར་ཞི་བའི་གྲོས་མོལ་གྱི་ལས་དོན་བརྒྱུད་རིམ་ལ་འགོག་རྐྱེན་ཏུ་འགྱུར་རྒྱུའི་ཉེན་བརྡ་བཏང་གནང་ཡོད་པ་རེད།

རྒྱ་གར་གཞུང་ཕྱོགས་ནས་ཁ་སྔོན་ཕྱི་ཟླ་བདུན་པའི་ཚེས་༧ ཉིན་རྒྱ་གར་གྱི་གཞུང་ཚབ་ཁག་གཉིས་ཐོག་འབར་རྫས་ཀྱི་གཏོར་རྒོལ་གྱི་དོན་རྐྱེན་ནང་ཁྱོན་མི་༥༨ རྐྱེན་ལམ་དུ་ཕྱིན་པའི་བྱེད་གཏེ་ པ་ཀི་སི་ཐན་གྱི་གསང་བའི་ལས་ཁུངས་ཡིན་པའི་ཉེས་འཛུགས་བྱེད་བཞིན་ཡོད་ཀྱང་ པ་ཀི་སི་ཐན་ཕྱོགས་ནས་འབར་རྫས་དོན་རྐྱེན་དེའི་ནང་ཐེ་ཇུས་མེད་གསུང་སྟེ་ངོས་ལེན་གནང་གི་མེད་པ་རེད། རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་གིས་རྒྱ་གར་རང་བཙན་ཐོབ་པའི་དུས་དྲན་ཉིན་གཏམ་བཤད་གནང་བའི་ནང་དོན་དེ་ནི་པ་ཀི་སི་ཐན་ཐོག་ལ་དྲག་པོའི་གོ་མཚོན་ཐོག་ནས་མ་ཡིན་པར་ཚིག་གི་ཐོག་ནས་དམག་འཐབ་བྱས་པ་ཞིག་ཡིན་པ་དང་ ལྷག་པར་དུ་ཉེ་ཆར་ཨཕ་ག་ནི་སི་ཐན་ནང་རྒྱ་གར་གྱི་གཞུང་ཚབ་ཁང་ཐོག་གཏོར་རྒོལ་བཏང་བ་དང་རྩོད་གཞི་ཅན་གྱི་རྒྱ་གར་མངའ་འོག་ས་ཁུལ་ཀཤི་མིར་དང་དེ་བཞིན་ཕྱོགས་གཉིས་ཀྱི་ས་མཚམས་ས་ཁུལ་དུ་མེ་འཕེན་བྱེད་པའི་དོན་རྐྱེན་གྱི་ཐོག་ནས་རྒྱ་གར་དང་པ་ཀི་སི་ཐན་བར་གྱི་ཞི་བའི་ལས་དོན་བརྒྱུད་རིམ་ལ་འགོག་རྐྱེན་གྱི་ཉེན་ཁར་འགྱུར་བཞིན་ཡོད་པ་མ་ཟད། དེ་རིང་རྒྱ་གར་ཕྱོགས་ནས་གསུང་ན། པ་ཀི་སི་ཐན་གྱི་ས་མཚམས་སྲུང་སྐྱོབ་དམག་མིས་རྒྱ་གར་གྱི་མངའ་འོག་ཏུ་ཡོད་པའི་ཀཤི་མིར་ས་མཚམས་ཐོག་འབར་མདེལ་དང་མེ་འཕེན་བྱས་ཡོད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎