བལ་ཡུལ་ཉེན་རྟོག་པས་བོད་མི་༡༣འཛིན་བཟུང་བྱས་ཡོད་པ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ནང་བསྐྱོད་ཐབས་བྱས་སྐབས་བལ་པོའི་ཉེན་རྟོག་པས་བོད་མི་༡༣ འཛིན་བཟུང་བྱས་འདུག

2012.02.24

༄༅༎རེས་གཟའ་པ་སངས་ཉིན་བལ་ཡུལ་ནང་གི་བོད་མི་ཁག་ཅིག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ནང་གི་བོད་མིའི་དཀའ་སྡུག་སེལ་ཐབས་ལ་རོགས་རམ་ཡོང་བའི་འབོད་སྐུལ་བྱེད་བཞིན་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུར་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ནང་བསྐྱོད་ཐབས་བྱས་པའི་སྐབས་བལ་པོའི་ཉེན་རྟོག་པས་བོད་མི་༡༣ འཛིན་བཟུང་དོ་དམ་བྱས་ཡོད་པ་རེད།
དེ་རིང་AP གསར་འགྱུར་ལས་ཁང་གིས་རྒྱལ་ས་ཀ་ཐ་མན་གྲུ་ནས་གནས་སྤེལ་ཡོད་བའི་ནང༌། བོད་མི་ངོ་རྒོལ་བྱེད་མཁན་ཚོས། བོད་དེ་རྒྱ་ནག་གི་བཙོན་གནོན་འོག་ལ་དཀའ་སྡུག་མྱོང་བཞིན་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཉིད་ཁུག་ནས་མ་སྡོད། བོད་ནང་དུ་གང་བྱུང་དུ་བོད་མི་དམར་གསོད་གཏོང་རྒྱུ་མཚམས་འཇོག་བྱ་དགོས་ཞེས་པའི་འབོད་ཚིག་སྒྲོག་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱི་རྒྱལ་སྒོར་འཛེགས་ཐབས་བྱས་པའི་སྐབས། རྒྱལ་ཚོགས་ཀྱི་ལས་ཁུངས་སྲུང་སྐྱོབ་པས་བཀག་འགོག་བྱས་པ་དང༌། ཉེན་རྟོག་པས་ཁོང་རྣམས་རྒྱ་ལམ་བར་ཕྱིར་འབུད་བཏང་ཡོད་པ་རེད། དེ་རྗེས་ཉེན་རྟོག་པས་བོད་མི་དེ་རྣམས་ཉེན་རྟོག་པའི་མོ་ཊ་མི་འདྲ་བ་གཉིས་ནང་དུ་བཅུག་སྟེ་དོ་དམ་ཁང་དུ་ཁྲིད་ཡོད་པ་རེད། འོན་ཀྱང་ད་ལྟའི་འཆར་བོད་མི་༡༣ དོ་དམ་བྱས་པ་རྣམས་ནག་ཉེས་གང་ཞིག་བཙུགས་ཀྱི་ཡོད་མེད་དང་བཙོན་ཁང་དུ་བཅུག་གི་ཡོད་མེད་སྐོར་གནས་ཚུལ་ཁ་གསལ་ཤེས་རྟོགས་མེད་ཀྱང༌། དེ་སྔོན་གྱི་ཉམས་མྱོང་ལ་གཞིགས་པ་ཡིན་ན། བལ་པོའི་ཉེན་རྟོག་པས་བོད་མི་ངོ་རྒོལ་བྱེད་མཁན་འཛིན་བཟུང་བྱས་པ་རྣམས་ཉིན་ཤས་དོ་དམ་བྱས་པའི་རྗེས་གློད་འགྲོལ་བཏང་བ་ཤ་སྟག་བྱུང་ཡོད་པ་རེད། ད་རེས་མཉམ་འབྲེལ་རྒྱལ་ཚོགས་མདུན་ངོ་རྒོལ་བྱེད་མཁན་བོད་མི་དེ་རྣམས་ལ་བལ་པོའི་ཉེན་རྟོག་པས་དེ་སྔོན་ཇི་བཞིན་ཉེས་རྡུང་བཏང་དང་དྲག་པའི་བྱ་སྤྱོད་ལག་བསྟར་བྱས་མེད་པར་བརྟེན་ནས་བོད་མི་རྨས་སྐྱོན་འཕོག་པ་བྱུང་མེད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎