རྒྱ་གར་དུ་ཧིན་རྡུ་དང་ཡེ་ཤུའི་ཆོས་ལུགས་གཉིས་བར་རྩོད་རྙོག།

ཡེ་ཤུའི་ཆོས་དཔོན་མཆོག་གིས་ཧིན་རྡུ་དང་ཡེ་ཤུའི་ཆོས་ལུགས་གཉིས་དབར་གྱི་རྩོད་རྙོག་ཡོང་བཞིན་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་རེད་

2008.08.27

༄༅༎ཡེ་ཤུའི་ཆོས་དཔོན་པོབ་མཆོག་གིས་ཧིན་རྡུ་དང་ཡེ་ཤུའི་ཆོས་ལུགས་གཉིས་དབར་གྱི་རྩོད་རྙོག་ཡོང་བཞིན་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་དེ་རིང་རེས་གཟའ་ལྷག་པའི་ཉིན་གསར་འགོད་པར་གསལ་སྟོན་གནང་ཡོད་པ་རེད་

དེ་ཡང་ཉེ་ཆར་རྒྱ་གར་གྱི་ཤར་ཕྱོགས་ཨོ་རི་ས་མངའ་སྡེའི་ནང་ཡེ་ཤུའི་ཆོས་ལུགས་པ་དང་ཧིན་རྡུའི་ཆོས་ལུགས་པ་དབར་རྩོད་རྙོག་གི་བརྒྱུད་རིམ་ནས་མི་མང་བདུན་ཙམ་རྐྱེན་ལམ་དུ་གྱུར་བ་དང་མི་མང་མང་པོ་ཞིག་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་བྱུང་བའི་ནང་ཧིན་རྡུའི་ཆོས་དཔོན་ཞིག་ཡང་རྐྱེན་ལམ་དུ་བཏང་ཡོད་པ་རེད་བཞག གོང་ཞུས་དོན་རྐྱེན་དེ་བྱུང་བ་རྗེས་རྒྱ་གར་ཤར་ཕྱོགས་ཨོ་རི་ས་མངའ་སྡེའི་ནང་ཡེ་ཤུའི་ཆོས་ལུགས་བྱེད་མཁན་གྱི་ཚོགས་སྡེ་ཁག་ཚོའི་ཐོག་གདུག་རྩུབ་ཤུགས་ཆེ་བྱེད་བཞིན་པའི་གནས་ཚུལ་ཐོས་རྗེས་ཐུགས་ཕམ་ཆེན་པོ་བྱུང་ཞེས་ཡེ་ཤུའི་བླ་ཆེན་པོབ་མཆོག་གིས་ལྦེ་ཊི་ཁེན་གྲོང་ཁྱེར་ནས་དེ་རིང་རེས་གཟའ་ལྷག་པའི་ཉིན་གསར་འགོད་པར་གསལ་སྟོན་གནང་བཞག ད་རེས་རྒྱ་གར་ཤར་ཕྱོགས་ཨོ་རི་ས་མངའ་སྡེའི་ཀན་རྡ་མལ་ཁུལ་དུ་ཆོས་ལུགས་འདྲ་མིན་གཉིས་དབར་རྩོད་རྙོག་གི་དོན་རྐྱེན་ནང་མི་གྲངས་བདུན་རྐྱེན་ལམ་དུ་བཏང་ཡོད་པ་དང་དེ་བཞིན་ཡང་ས་ཁུལ་གཞན་ཁག་ཏུའང་ཆོས་ལུགས་གཉིས་དབར་གྱི་རྩོད་རྙོག་གི་ཐོག་ནས་མི་མང་རྐྱེན་ལམ་དུ་བཏང་བའི་གནས་ཚུལ་དེ་རིགས་བྱུང་ཡོད་པ་རེད་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎