ཨོ་ལིམ་པིག་རྗེས་རྒྱ་གཞུང་ནས་དྲག་གནོན་ཤུགས་ཆེ་བྱེད་སྲིད།

ཨོ་ལིམ་པིག་རྩེད་འགྲན་རྗེས་སུ་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་ཁ་ཆེའི་མི་རིཌ་ཐོག་དྲག་གནོན་བྱེད་ཤུཌ་ཆེ་རུ་གཏོང་སྲིད་པའི་ཞེད་སྣང་ཡོད་པ།

2008.08.20

༄༅༎པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་རྗེས་སུ་རྒྱ་ནག་གཞུང་གིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་ཁ་ཆེའི་མི་རིགས་ཐོག་དྲག་གནོན་བྱེད་ཤུགས་ཆེ་རུ་གཏོང་སྲིད་སྐོར་ས་གནས་མི་མང་གིས་ཞེད་སྣང་བྱེད་ཀྱི་ཡོད་འདུག

ཨེ་པི་གསར་ལས་ཁང་གིས་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུམ་ཆི་ནས་གནས་ཚུལ་སྤེལ་དོན་ལྟར་ན་ རྒྱ་མིའི་ཉེན་རྟོག་པས་རྒྱལ་སའི་ནང་བལྟ་སྲུང་དོ་དམ་པོ་བྱེད་བཞིན་པའི་ཉེ་འཁྲིས་སུ་ཚོང་པ་ ཨན་ལྦེར་ ཡིས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་ཚར་བའི་རྗེས་སུ་ རྒྱ་ནག་གཞུང་གིས་ས་གནས་མི་མང་ཐོག་དྲག་གནོན་བྱེད་སྲིད་པ་རེད་ཅེས་དང་ཁོང་ནས་རང་གི་མིང་ཆ་ཚང་མི་ཤོད་པའི་རྒྱུ་མཚན་ནི་གསར་འགོད་པ་ཚོར་སྐད་ཆ་བཤད་མི་འཛིན་བཟུང་བཙོན་འཇུག་བྱས་པའི་རྐྱེན་གྱིས་ཁོང་རང་འཛིན་བཟུང་བྱས་པའི་ཞེད་སྣང་ཡོད་པའི་དབང་གིས་ཡིན་འདུག ཟླ་བ་འདིའི་འགོ་སྟོད་དུ་རྒྱ་ནག་གཞུང་གིས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་བརྒྱུད་ནས་རྒྱ་ནག་དེ་བཞིན་དེང་དུས་ཅན་དང་སྟོབས་ཆེན་ འཆམ་མཐུན་གྱི་སྤྱི་ཚོགས་ཤིག་ཡིན་པའི་རྣམ་པ་བཏོན་ཐབས་བྱེད་བཞིན་པའི་སྐབས་སུ་ཤར་ཏུར་ཀི་སི་ཐན་དང་རྒྱ་མིའི་ཉེན་རྟོག་པ་༡༦རྐྱེན་ལམ་དུ་བཏང་བ་སོགས་ཐེ་བའི་དྲག་སྤྱོད་འཚེ་ལས་དོན་རྐྱེན་གསུམ་བྱུང་བར་ ཨོ་ལིམ་པིག་རྩེད་འགྲན་གྱི་རྗེས་སུ་རྒྱ་ནག་གཞུང་གིས་ཤིན་ཅང་ཐོག་ཉེས་ཆད་གཏོང་ཕྱིར་དྲག་གནོན་བྱེད་ཤུགས་ཆེ་རུ་གཏོང་ཉེན་ཡོད་འདུག བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་ པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་འཚོགས་བཞིན་པའི་སྐབས་སུ་ཡང་བོད་ནང་གི་རྒྱ་མིའི་དཔོན་རིགས་ཚོས་ཨོ་ལིམ་པིག་གི་རྩ་འཛིན་དམ་བཅའ་ཁག་སྲུང་བརྩི་མ་ཞུས་པར་བོད་མིའི་ཐོག་དྲག་གནོན་དང་སྡུག་སྦྱོང་མནར་གཅོད་གཏོང་གི་ཡོད་སྐོར་གཟའ་སྤེན་པའི་ཉིན་ཕེརན་སིའི་བརྙན་འཕྲིན་ལས་ཁང་ཞིག་གིས་བཅའ་འདྲི་དང་ལེན་གནང་སྐབས་བཀའ་གནང་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎