དཀར་མཛེས་སུ་ཞབས་རིམ་དང་བསྔོ་སྨོན་མཆོད་འབུལ།

དཀར་མཛེས་ཕྱོགས་སུ་བོད་མི་ཚོས་༧གོང་ས་མཆོག་གི་སྐུ་ཕྱའི་ཞབས་རིམ་དང་། བོད་དོན་ཆེད་འདས་གྲོངས་སུ་ཕྱིན་པ་བོད་མི་རྣམས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་ཚོགས་ཡོད་པ་རེད་འདུག

2013.01.28

འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། ཁམས་དཀར་མཛེས་རྫོང་གི་ཡུལ་ཚོའི་ནང་ས་གནས་དགོན་སྡེ་ཁག་གི་དགེ་འདུན་པ་འཛོམས་ནས་བོད་མི་རྣམས་ཀྱིས་བོད་རྒྱལ་ལོ་༢༠༣༩་རབ་གནས་ཆུ་འབྲུག་ལོ་མཇུག་མ་སྒྲིལ་བའི་གོང་ལ་༧རྒྱལ་བའི་སྐུ་ཕྱའི་ཞབས་རིམ་དང་། བོད་དོན་ཆེད་བློས་གཏོང་ཆེན་པོ་གནང་མཁན་རྣམས་དང་། སྡུག་སྦྱོང་མྱོང་བཞིན་པའི་བོད་མི་རྣམས་ཀྱི་ཆེད་དུ་སྐུ་རིམ་དང་། བསྔོ་སྨོན་མཆོད་འབུལ་བྱས་འདུག དེ་བཞིན་ད་ལོའི་བོད་ཀྱི་ལོ་གསར་སྐབས་བོད་དོན་ཆེད་སྐུ་སྲོག་བློས་གཏོང་གནང་མཁན་ལ་མྱ་ངན་ཞུ་རྒྱུ་ལས་དགའ་སྤྲོ་གནང་རྒྱུ་མིན་པའི་ཐག་གཅོད་གནང་འདུག་ལ་ད་དུང་སྐབས་དེར་རྒྱང་བསྒྲགས་བརྒྱུད་བདེན་ཚིག་སྨོན་ལམ་འདོན་བཞིན་པ་ཉེ་འཁོར་གྱི་བོད་མི་ཚོས་གསལ་བོ་གོ་ཐུབ་པ་བྱུང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎