དགེ་འདུན་པ་༢༠༠ལྷག་ནས་སྨོན་འདུན་གནང་།

བོད་མདོ་སྨད་ཀླུ་ཆུ་ཤིས་ཚང་དགོན་པའི་དགེ་འདུན་ཉིས་བརྒྱ་ལྷག་ཙམ་གྱིས་རང་ལུས་མེར་སྲེག་གཏོང་མཁན་ཚེ་རིང་རྣམ་རྒྱལ་ལགས་ཀྱི་ཁྱིམ་དུ་ཕེབས་ནས་གསོལ་འདེབས་སྨོན་ལམ་འདོན་པའི་གནས་ཚུལ་བྱུང་འདུག

2012.11.30

༄༅།    །ཕྱི་༡༡ཚེས་ ༢༩ ཉིན་བོད་མདོ་སྨད་ཀན་ལྷོ་བོད་རིགས་ཁུལ་གྱི་ཀླུ་ཆུ་རྗོང་གི་འཛོམ་ཚ་ས་གནས་སུ་བོད་རིགས་རང་ལོ་ ༣༡ ཡིན་པའི་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་ནས་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་བྱུང་ཡོད་པ་རེད། ཁོང་གིས་བོད་ཀྱི་རང་དབང་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ནང་ཕྱིར་ཕེབས་དགོས་པའི་འབོད་ཚིག་སྒྲོག་བཞིན་དུ་འདས་གྲོངས་གྱུར་ཡོད་ཅིང་། ས་གནས་རྒྱ་མིའི་འགོ་ཁྲིད་ཚོས་ས་གནས་ཀྱི་བོད་མི་དང་། ལྷག་དོན་དུ་ས་གནས་ཀྱི་དགོན་པ་ཁག་གི་དགེ་འདུན་པ་རྣམས་མེར་བསྲེགས་བྱེད་མིའི་ཆེད་དུ་བསྔོ་སྨོན་དང་། ཐུགས་གསོའི་ཆེད་དུ་འགྲོ་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་རེད། འོན་ཀྱང་བོད་ནས་གནས་ཚུལ་དང་ བརྙན་འཕྲིན་འབྱོར་དོན་ལྟར་ན།    ཀླུ་ཆུ་ཤིས་ཚང་དགོན་པའི་དགེ་འདུན་པ་ཉིས་བརྒྱ་སུམ་བཅུ་ལྷག་རྒྱང་ཐག་སྤྱི་ལེ་ ༦༣ ཡོད་པའི་ཟམ་ཚ་ལོ་ཙོ་སྡེ་བ་ཡིན་པ་ཚེ་རིང་རྣམ་རྒྱལ་གྱི་ཁྱིམ་དུ་ཆེད་ཕེབས་ཀྱིས་སྨོན་ལམ་གསུངས་འདུག

དེ་སྔ་རྨ་ལྷོ་ཁུལ་དུ་རྒྱ་ནག་གི་དཔོན་རིགས་ཚོས་བརྡ་ཐོ་བཏང་བའི་ནང་། ས་གནས་ཀྱི་མང་ཚོགས་ཁྲོད་དུ་རང་སྲེག་གནང་མཁན་གྱི་ཁྱིམ་མིར་འཚམས་འདྲི་འགྲོ་མེད་དང་། རང་སྲེག་གནང་མཁན་གྱི་ཁྱིམ་མིར་ཞལ་འདེབས་ཕུལ་ཡོད་པའི་གནས་ཚུལ་གསལ་པོ་ཤེས་རྟོགས་བྱས་དགོས་པ་དང་། ལྷག་དོན་དུ་དགེ་འདུན་པ་རང་སྲེག་ནང་ཁྱིམ་སྨོན་ལམ་དང་།    གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ་འགྲོ་ཡོད་མེད་ཤེས་རྟོགས་དགོས་པ་དང་། གལ་ཏེ་ཤེས་རྟོགས་བྱུང་ན་དམ་བསྒྲགས་དང་མཇུག་འབྲས་ཚབས་ཆེ་ཡོད་པའི་སྐོར་ནན་བརྗོད་བྱས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎