ཨུ་རུ་སུའི་ནང་བོད་དོན་ཆེད་སྨོན་ལམ་གསུང་འདོན།

ཨུ་རུ་སུའི་བུ་རི་ཡཏ་དང་ཏུ་ཝ་མངའ་ཁུལ་ནང་ཉིན་གྲངས་བཅུ་གཅིག་རིང་གསུང་ཆོས་དང་འབྲེལ་ བོད་དོན་ཆེད་སྨོན་ལམ་གསུང་འདོན་གནང་ཡོད་པའི་གནས་ཚུལ་ཐོན་འདུག

2012.08.09

༄༅།    །དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་བཀོད་པར་གཞིགས་ན། དགེ་བཤེས་བྱམས་པ་འཕྲིན་ལས་ལགས་ཀྱིས་ལོ་ལྟར་གསུང་ཆོས་གོ་སྒྲིག་ཞུ་བཞིན་པ་ལྟར། འདི་ལོའི་ཕྱི་ཟླ་༧ཚེས་༢༥ ནས་བཟུང་ Buryat དང་Tuva མངའ་ཁུལ་གྱི་Begal ཞེས་པའི་མཚོ་འགྲམ་གྱི་ཆོས་ཚོགས་སུ་ཉིན་གྲངས་    ༡༡    རིང་ལམ་རིམ་དང་། ཞི་གནས་སོགས་ཀྱི་གསུང་ཆོས་གནང་ཡོད་འདུག གསུང་ཆོས་ཉིན་མཐའ་མའི་སྐབས་བོད་མི་མང་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་དང་ རྒྱུད་སྨད་གྲྭ་ཚང་གི་དགེ་འདུན་པ་ཁག་ཅིག་གདན་ཞུས་ཀྱིས་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༧ཞབས་པད་བརྟན་པ་དང་། གཞིས་བྱེས་བོད་མིའི་དཀའ་ངལ་གང་མགྱོགས་སེལ་ཐབས།  རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་བྱས་པའི་འཁྲིས་སུ་ བསངས་གསོལ་གཞི་རྒྱ་ཆེ་བ་ཞིག་གནང་སྟེ།    གསོལ་འདེབས་སྨོན་ལམ་གསུང་འདོན་གནང་ཡོད་པ་རེད། གསུང་ཆོས་ཀྱི་མཇུག་བསྡོམས་མཛད་སྒོའི་སྐབས་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་ ༧གོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་སྐོར་གསུང་བཤད་གནང་འདུག་པ་དང་།  ཐེངས་འདིའི་གསུང་ཆོས་འདུ་འཛོམས་སྐབས་རྒྱལ་ས་Moscowསོགས་གྲོང་ཁྱེར་ཆེ་ཁག་ ༢༠ ཙམ་ནས་རྒན་གཞོན་ཕོ་མོ་ཆིག་སྟོང་ལྷག་འདུ་འཛོམས་བྱུང་ཡོད་པས་མ་ཟད་ Kalmuk དང་།་Tuva  Buryat སོགས་པའི་མངའ་སྡེ་དང་གྲོང་ཁྱེར་ཆེ་ཁག་མང་པོ་ཞིག་གི་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་འཐུས་མི་སོགས་ཀྱང་ཕེབས་བཅར་ཞུས་འདུག སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཚང་མར་དམིགས་བསལ་གྱི་འཚམས་འདྲི་ཞུས་ཐོག འབྱུང་འགྱུར་བོད་དང་བོད་དོན་ནམ་ཡང་མ་བརྗེད་པའི་རེ་བསྐུལ་ཡང་ཞུས་ཡོད་པའི་སྐོར་འགྲེལ་བརྗོད་བྱས་འདུག    །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎