རང་ལུས་མེར་སྲེག་གཏོང་མཁན་ཆེད་གཞུང་འབྲེལ་མཆོད་འབུལ།
2013.01.23
ཕྱི་ཚེས་༢༣་ཕྱི་དྲོར་གཞུང་འབྲེལ་གྱི་མཆོད་འབུལ་སྨོན་ལམ་གོ་སྒྲིཌ་གནང་འདུག་ འདི་ཟླའི་ཚེས་༢༣་གྱི་ཕྱི་དྲོའི་ཕྱག་ཚོད་༤་པའི་ཐོག་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིཌ་འོག་བཞུཌ་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནང་ཀི་རྟི་རིན་པོ་ཆེ་མཆོག་དབུ་བཞུཌ་ཐོག་དབུས་བོད་མིའི་སྒྲིག་འཛུཌ་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་སྲི་ཞུའི་ལས་བྱེད་པ་རྣམ་དང་རྡ་ས་དང་དེའི་ཉེ་འཁོར་གྱི་གྲ་ཚང་དང་བཙུན་དགོན་ཁག་གི་གྲ་བཙུན་ས་གནས་མི་མང་བཅས་མཉམ་འཛོམས་ཀྱིས་འདི་ཟླའི་ཚེས་༡༨་ཉིན་ཨ་མདོ་རྔ་པ་ཁྱུང་མཆུ་རྫོང་ལ་གྲུབ་མཆོག་ལཌ་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་ཕྱིར་རང་ལུས་མེར་སྲེག་ནས་འདས་གྲོངས་སུ་ཕྱིན་པ་དང་ཡང་འདི་ཟླའི་ཚེས་༢༢་ཉིན་མདོ་སྨད་འབོ་རའི་ནང་དཀོན་མཆོག་སྐྱབས་ལཌ་ཀྱིས་རང་ལུས་མེར་བསྲེཌ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་སྟེ་འདས་གྲོངས་སུ་ཕྱིན་པ་རྣམ་གཉིས་གཙོས་པའི་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་ལུས་མེར་བསྲེཌ་གནང་མཁན་འདས་བསོན་ཡོང་གི་ཆེད་མྱ་ངན་གུས་འདུད་དང་ཁོང་རྣམས་ཀྱི་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོཌ་གནང་འདུག་ སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁོང་རྣམས་གཉིས་ཀྱིས་བོད་མི་རིགས་དང་རྒྱལ་ཁབ་ཆེད་རང་ལུས་མེར་བསྲེག་བཏང་གནང་བའི་རྗེས་སུ་རྒྱ་ནག་གཞུང་གིས་ས་གནས་བོད་མི་མང་ལ་དྲག་གནོན་ཤུཌ་ཆེ་བྱེད་བཞིན་ཡོད་སྐོར་དང་ལྷག་དོན་དུ་དཀོན་མཆོག་སྐྱབས་ལཌ་ཀྱིས་རང་ལུས་མེར་བསྲེཌ་གནང་བའི་རྗེས་ལ་ས་གནས་བོད་མི་རྣམས་ཀྱིས་ཁོང་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་བྱེད་དགོས་སྐོར་བརྗོད་པར་བརྟེན་ནས་ད་ལྟའི་འཆར་གནས་ཚུལ་ཛ་དྲག་པོ་ཆཌ་ཡོད་སྐོར་དང་བོད་མི་ཚོར་བདེན་པ་ཡོད་པ་དེ་གསར་འགྱུར་བརྒྱུད་ལམ་ཁག་གིས་བརྒྱུད་བསྒྲཌ་སྒོ་ནས་རྒྱལ་སྤྱིའི་ཐོག་གསལ་པོ་ཆཌ་སྟབས་ རྒྱ་ནག་གཞུང་གིས་དེ་དག་འགོག་ཐབས་ཆེད་འགྲོ་སོང་ཧ་ཅང་མང་པོ་བཏང་སྟེ་སྐུ་ཚབ་ཆེད་གཏོང་བྱེད་ཀྱི་ཡོད་སྐོར་དང་ཕྱི་ལོ་༢༠༠༩་ལོ་ནས་ད་བར་བོད་ནང་གི་བོད་མི་༩༩་ཡི་རང་ལུས་མེར་བསྲེག་གནང་སྐོར་མང་ཚོཌ་ལ་གནས་ཚུལ་ངོ་སྤྲོད་གནང་འདུག་ ད་བར་བོད་ནང་རང་ལུས་མེར་བསྲེཌ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་བོད་མི་༩༩་དང་བཙན་བྱོལ་ནང་བོད་མི་༥་ བོད་ཕྱི་ནང་གཉིས་ཀ་བསྡོམས་ན་རང་ལུས་མེར་བསྲེཌ་གནང་མཁན་བོད་མི་༡༠༤་བྱུང་བ་དང་ཁོང་རྣམས་ཀྱི་ནང་ནས་བོད་མི་༨༣་འདས་གྲོངས་སུ་ཕྱིན་པ་དང་རྒྱ་གར་ནང་བོད་མི་གཉིས་འདས་གྲོངས་སུ་ཕྱིན་ཡོད་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད།