ནིའུ་ཡོག་གྲོང་ཁྱེར་ནང་བོད་ཀྱི་སྲོལ་རྒྱུན་རི་མོའི་འགྲེམས་སྟོན།

ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་བཙན་བྱོལ་ནང་ལ་འཚར་ལོངས་བྱས་པའི་བོད་ཀྱི་མི་རབས་གསར་པས་བྲིས་པའི་སྲོལ་རྒྱུན་གྱི་རི་མོའི་འགྲེམས་སྟོན།

2011.01.18

༄༅༎ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོརཀ་ནང་རྟེན་གཞི་བྱས་པའི་བོད་ཁང་གིས་ཟླ་བ་འདིའི་ཚེས་༢༠ནས་འགོ་འཛུགས་ཀྱིས་ཕྱི་ཟླ་༣པའི་ཚེས་  ༢བར་ནིའུ་ཡོརཀ་ནང་བོད་ཀྱི་སྨན་རི་སྲོལ་རྒྱུན་གྱི་སྐུ་ཐང་བཞེངས་ལུགས་གཞིར་བཟུང་བཙན་བྱོལ་ནང་ལ་འཚར་ལོངས་བྱས་པའི་བོད་ཀྱི་མི་རབས་གསར་པས་བྲིས་པའི་སྲོལ་རྒྱུན་གྱི་རི་མོའི་འགྲེམས་སྟོན་ཞིག་གོ་སྒྲིགས་གནང་རྒྱུ་ཡིན་པ་ཧ་ཕིང་ཀྲོན་ཕོ་ཉ་Huffington Post ཞེས་པས་གསར་ཤོག་ནང་གནས་ཚུལ་ཐོན་འདུག་ ནིའུ་ཡོརཀ་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་བོད་ཁང་གིས་འདས་པའི་མི་ལོ་༢༠ལྷག་གི་རིང་བོད་ཀྱི་རི་མོའི་སྒྱུ་རྩལ་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་མི་ཉམས་གཅེས་འཛིན་བྱས་དང་བྱེད་མུས་ཡིན་པ་རེད་ བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་༡༩༥༩ལོར་རྒྱ་གར་ནང་བཙན་བྱོལ་ལ་ཆིབས་བསྒྱུར་གནང་བའི་རྗེས་སུ་རྡ་རམ་ས་ལར་བཙན་བྱོལོ་བོད་གཞུང་གསར་འཛུགས་གནང་བ་དང་སྦྲགས་བཙན་བྱོལ་དུ་འབྱོར་བའི་བོད་མི་འབུམ་ཕྲག་བརྒལ་བར་འཚོ་རྟེན་ཆ་རྐྱེན་སྐྱབས་འཇུག་གནང་རྒྱུས་གཙོས་པས་ བོད་ཀྱི་རི་མོའི་སྒྱུ་རྩལ་དང་བོད་རྒྱུད་ནང་ཆོས་ རིག་གནས་ཆུང་བ་ལྔའི་ཁོངས་ནས་ཟློས་གར་དང་གླུ་གར་བཅས་པ་མི་ཉམས་གཅེས་འཛིན་གནང་རྒྱུའི་མཛད་རྗེས་རླབས་ཆེན་འཇོག་གནང་ཡོད་ རྒྱ་ནག་གི་དམར་ཤོག་ཚོགས་པའི་འགོ་ཁྲིད་མའོ་ཙེ་ཐུང་གི་དུས་སུ་བོད་ནང་རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་སྤེལ་སྐབས་བོད་ཀྱི་དགོན་སྡེ་གྲངས་དྲུགང་སྟོང་ཙམ་གཏོར་བཤིག་བཏང་བ་དང་ རྩ་ཆེའི་སྐུ་རྟེན་རིགས་འཕྲོག་བཅོམ་བྱས་ཏེ་ཤུལ་ལྷག་ཙམ་ཡང་མེད་པ་བཟོས་པ་རེད་ འོན་ཀྱང་བཙན་བྱོལ་ནང་ བོད་ཁང་གིས་ཉམས་པ་སླར་གསོ་དང་ མི་ཉམས་གཅེས་འཛིན་རྒྱུན་འཁྱོངས་བྱེད་ཐུབ་པ་བྱུང་བ་རེད་ ལྷག་དོན་དུ་བོད་ཀྱི་རི་མོའི་སྒྲུ་རྩལ་མི་ཉམས་གཅེས་འཛིན་དར་སྤེལ་གནང་རྒྱུའི་ཐད་ལ་སྨན་རིའི་སྲོལ་རྒྱུན་གཞིར་བཟུང་མཆོག་ཏུ་གྱུར་པའི་སྒྱུ་རྩལ་མཁན་ཞིང་གཤེགས་སངས་རྒྱས་ཡེ་ཤེས་དམ་པ་དེ་ཡིས་ལེགས་སྐྱེས་ཤིན་ཏུ་འཇོག་གནང་ཡོད་པ་རེད། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎