ཨོ་སྦ་མས་འབར་མའི་སྲིད་བློན་ལ་སུ་ཀི་གློད་དགོས་གསུངས་བ།
2009.11.15
༄༅༎ཨ་མེ་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་འབར་མའི་དྲག་པོའི་གཞུང་གིས་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ཨན་སང་སུ་ཀྱི་གང་མགྱོགས་བཟང་བཙོན་ནས་གློད་འགྲོལ་དགོས་ལུགས་འབར་མའི་སྲིད་བློན་ལ་ཐད་ཀར་གསུངས་གནང་ཡོད་འདུག
རེས་གཟའ་ཉི་མའི་ཉིན་ཨ་མེ་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཚོགས་སྐབས་ཚོགས་ཞུགས་རྒྱལ་ཁབ་བཅུ་པོའི་དབུ་ཁྲིད་རྣམས་དང་ཟུར་མཇལ་གནང་བའི་སྐབས་འབར་མའི་དྲག་པོའི་གཞུང་གི་སྲིད་བློན་ཐེའིན་སེའིན་ཡང་མཉམ་ཞུགས་གནང་ཡོད་པར་བརྟེན་སྲིད་འཛིན་གྱིས་གོ་སྐབས་བཟུང་ནས་འབར་མའི་དྲག་པོའི་གཞུང་གིས་ཕྱོགས་འགལ་དམངས་གཙོ་ཚོགས་པའི་དབུ་ཁྲིད་ཨན་སང་སུ་ཀྱི་གང་མགྱོགས་བཟང་བཙོན་ནས་གློད་འགྲོལ་དགོས་ལུགས་ཐད་ཀར་གསུངས་གནང་ཡོད་འདུག།