བོད་མི་བཞི་གློད་བཀྲོལ་བཏང་འདུག

དེ་སྔོན་རྒྱ་ནག་གཞུང་གིས་ཁམས་འབྲི་རུ་རྫོང་ནས་འཛིན་བཟུང་བཙོན་འཇུག་བྱས་པའི་བོད་མི་ཤེས་ལྡན་པ་རྣམས་ཀྱི་ཁོངས། ས་གནས་བོད་མི་རྣམས་ཀྱིས་ཞུ་གཏུག་རིམ་པས་གནང་བའི་རྗེས་སུ་བོད་མི་བཞི་གློད་བཀྲོལ་བཏང་འདུག

2013.02.07

༄༅།    །རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༢ལོར་ཁམས་འབྲི་རུ་རྫོང་ཁོངས་ཀྱི་བོད་མི་ཤེས་ཡོན་ཅན་དང་རྩོམ་པ་པོ་ཁག་ཅིག་གིས་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་གནོད་སྐྱོན་གཏོང་གཞིའི་དཀྲོག་གཏམ་སྤེལ་བའི་ནག་ཉེས་བཙུགས་ནས་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་ལྟར།    གནད་དོན་དེའི་ཐོག་ས་གནས་མི་མང་རྣམས་ཀྱིས་ཞུ་གཏུག་རེ་སྐུལ་ལན་མང་གནང་པའི་མཐའ་མར་འདི་ལོའི་ཕྱི་ཟླ་༢ཚེས་༢ཉིན་མི་བཞི་གློད་བཀྲོལ་བཏང་འདུག ཕྱི་ལོ་༢༠༡༢ལོར་རྒྱ་ནག་གཞུང་གིས་ཁམས་འབྲི་རུ་རྫོང་ནང་སྤྱི་ཚོགས་ཀྱི་བརྟན་ལྷིང་མེད་པ་བཟོ་རྒྱུའི་དཀྲོག་གཏམ་སྤེལ་མཁན་ཡིན་ཁུལ་གྱི་ཉེས་མིང་འོག་འཇུ་བཟུང་བྱས་པ་རྣམས་ནི།    རྩོམ་པ་པོ་སྨན་པ་ཨོ་རྒྱན་བསྟན་འཛིན་ལགས་དང་།    རྩོམ་སྒྲིག་པ་ཟླ་བ་རྡོ་རྗེ་ལགས།    སློབ་ཁྲིད་ཉམས་ཞིབ་པ་བསོད་ནམས་དགྲ་འདུལ་ལགས། རྒན་བསྟན་འཛིན་ཐབས་མཁས་ལགས་བཅས་གཙོས་པའི་ཤེས་ལྡན་མང་པོ་ཞིག་འཛིན་བཟུང་བཀག་ཉར་བྱས་ཏེ།    ད་ལྟ་བར་དུ་ཁོང་རྣམས་ལ་ནག་ཉེས་ཡོད་མེད་ཐད་ཞིབ་འཇུག་གང་ཡང་མ་བྱས་པར་སྣང་མེད་དུ་བཙོན་ཁང་ནང་ལྷག་ཡོད་འདུག  ཟླ་ཤས་སྔོན་ལ་ཁམས་འབྲི་རུ་རྫོང་གི་མི་མང་ཕོན་ཆེ་ཞིག་ནས་སྨན་པ་ཨོ་རྒྱན་བསྟན་འཛིན་ལགས་མེད་ན།    ནད་པ་ཚོ་ལ་བརྟག་དཔྱད་བྱེད་མཁན་མེད་པས་མ་ཟད། སྨན་ཡང་སྟེར་མཁན་མེད་སྐོར་དང་། སློབ་གྲྭའི་དགེ་རྒན་རྣམས་མེད་ཚེ།    སློབ་ཕྲུག་ཚོའི་སློབ་སྦྱོང་ལ་འཐུས་ཤོས་འགྲོ་ཡི་ཡོད་སྐོར་སོགས་བོད་ལྗོངས་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་གཏུག་གནང་བའི་འབྲས་བུར་ཟླ་བ་འདིའི་ཕྱི་ཚེས་༢ཉིན་ཁྲིམས་ར་ཚོགས་ཐེངས་གཉིས་པ་སྐོང་ཚོགས་མི་དགོས་པར་ཉེས་མེད་ཀྱི་བདེན་མཐའ་གསལ་ནས་གྲྭ་བཞི་བཙོན་ཁང་ནང་ནས་གློད་བཀྲོལ་ཐོབ་འདུག  གློད་བཀྲོལ་ཐོབ་མ་ཐག་ཁོང་ཚོའི་གྲོགས་པོ་ཁག་ཅིག་དང་མཉམ་དུ་བོད་ཀྱི་རྒྱལ་ས་ལྷ་སར་དགའ་སྤྲོའི་ཐུགས་སྤྲོ་ཞིག་ཀྱང་བཏང་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎