བལ་ཡུལ་ནང་སྒེར་པའི་སློབ་གྲྭ་སྒོ་བརྒྱབ་པ།

བལ་ཡུལ་ནང་སློབ་ཕྲུག་གི་ངོ་རྒོལ་གྱི་ལས་འགུལ་ལ་བརྟེན་ནས་སྒེར་གྱི་སློབ་གྲྭ་བརྒྱད་སྟོང་ལྷག་ཡོད་པ་ཚང་དུས་ཚོད་ངེས་མེད་རིང་སྒོ་རྒྱབ་ཡོད་པ།

2010.04.25

༄༅༎བལ་ཡུལ་ནང་སློབ་ཕྲུག་གི་ངོ་རྒོལ་གྱི་ལས་འགུལ་ལ་བརྟེན་ནས་ཡུལ་དེའི་སྒེར་གྱི་སློབ་གྲྭ་བརྒྱད་སྟོང་ལྷག་ཡོད་པ་ཚང་དུས་ཚོད་ངེས་མེད་རིང་སྒོ་རྒྱབ་ཡོད་པའི་གནས་ཚུལ་ཐོན་འདུག

སློབ་ཕྲུག་གི་ངོ་རྒོལ་སྤེལ་མཁན་ཕྱོགས་འགལ་མའོ་ཤོག་ཁག་གི་ཕྱོགས་གཏོགས་ཡིན་པ་བལ་ཡུལ་རྒྱལ་ཡོངས་སློབ་ཕྲུག་སྒེར་གྱི་རང་དབང་ཅན་གྱི་གསར་བརྗེའི་མཐུན་ཚོགས་ཞེས་པ་དེ་ཡིན་པ་དང་ངོ་རྒོལ་བྱེད་དགོས་དོན་ནི་སློབ་ཡོན་སྤར་ཆ་བྱས་པ་དེ་ཡིན་འདུག སྒེར་གྱི་སློབ་གྲྭ་ཁག་གི་འཛིན་སྐྱོང་འགན་འཛིན་རྭཇེཤི་ཁརྡ་ཁས་ ང་ཚོས་སློབ་གྲྭ་སྒོ་རྒྱབ་རྒྱུ་ལས་ཐབས་ཤེས་གཞན་མི་འདུག གལ་སྲིད་འགྲེལ་ཡོད་གཞུང་གིས་དཔོན་རིགས་ཚོས་འགྲིག་འཇགས་ཀྱི་གྲོས་མོལ་གནང་རྒྱུའི་དགོངས་བཞེས་གནང་བ་ཡིན་ན་ ང་ཚོའི་ངོས་ནས་གྲོས་མོལ་བྱེད་རྒྱུར་འདོད་པ་ཡོད་ཅེས་ཀཐ་མན་གྲུ་པོསེཊེ་ཞེས་པའི་གསར་ཤོག་ཐོག་གསུངས་གནང་འདུག འོན་ཀྱང་ཤེས་རིག་བློན་ཆེན་གྱི་མགྲིན་ཚབ་པ་ཇ་ནར་རྡ་ན་ ནེ་པལ་གྱིས་སྒེར་སློབ་གྱི་འགན་འཛིན་གྱིས་གང་གསུངས་པ་དེ་ངོས་ལེན་མ་གནང་བའི་ཁར་གཞུང་གིས་སྒེར་སློབ་དང་གཏན་འཇགས་སློབ་གྲྭ་ཁག་གི་སློབ་ཡོན་སྤར་བའི་སྐོར་ཞིབ་འཇུག་གནང་གི་ཡོད་ལུགས་གསུངས་གནང་འདུག ཕྱི་ཟླ་གསུམ་པའི་ཚེས་༢༥ཉིན་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་སྡེ་ཚན་གྱིས་རྒྱལ་སའི་སློབ་གྲྭ་ཁ་གི་སློབ་ཡོན་བརྒྱ་ཆ་༢༥དང་གྲངས་ཆུང་༢༢སྤར་ཆ་གནང་རྒྱུར་ཐག་གཅོད་བྱས་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎