ཧོང་ཀོང་ནང་བོད་དོན་ལས་འགུལ།


2013.07.24
ཧོང་ཀོང་ནང་བོད་དོན་ལས་འགུལ། ཧོང་ཀོང་ནང་བོད་དོན་ལས་འགུལ་སྤེལ་བཞིན་པ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅། །ཟླ་བ་འདིའི་ཚེས་ ༢༡ ཉིན་ཧོང་ཀོང་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་ཧོང་ཀོང་ནང་གི་རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་གིས་བོད་མིར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ལས་འགུལ་ཞིག་སྤེལ་འདུག    དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། ལས་འགུལ་བ་རྣམས་ནས་ཀོང་ཧོང་དམིགས་བསལ་ས་ཁུལ་གཞུང་འཛིན་ལས་ཁུངས་མདུན་དུ་འདུ་འཛོམས་ཐོག་བོད་ཀྱི་རྒྱལ་དར་དང་བོད་ནང་བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམ་པའི་འདྲ་པར། བོད་ནང་རང་ལུས་མེར་སྲེག་གཏོང་ཡུལ་ཁག་གི་ས་ཁྲ་སོགས་འཕྱར་བས་མ་ཟད། རྒྱ་ནག་གཞུང་ནས་བོད་མིའི་ཐོག་བཟུང་དང་འཛིན་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་སྐྱོན་བརྗོད་ཀྱི་ཡིག་ཆ་འགྲེམས་སྤེལ་གནང་བ་དང་ཆབས་ཅིག    རྒྱ་ནག་གཞུང་ནས་བོད་ནང་གི་བོད་མི་དམར་གསོད་དང་བོད་མིར་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་དེ་བཞིན་མཚམས་འཇོག་དགོས་པ། དེ་བཞིན་བོད་མིར་བརྩི་བཀུར་ཞུ་དགོས་ཞེས་སོགས་ཀྱི་ངོ་རྒོལ་སྐད་འབོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎