བོད་ཀྱི་གཙང་ཆུ་སྲུང་སྐྱོབ་དགོས།


2013.03.22
བོད་ནས་རྒྱུག་བཞིན་པའི་ཡར་ཀླུངས་གཙང་པོ།
ཝི་ཀི་པི་ཌི་ཡ།

༄༅།    །དེ་རིང་འཛམ་གླིང་ནང་ཆུའི་དཀའ་ངལ་ལ་མཉམ་རུབ་ཀྱི་གདོང་ལེན་བྱ་རྒྱུའི་རྒྱལ་སྤྱིའི་ཉི་མོ་ཞིག་ཡིན་སྟབས།    བོད་དོན་ཐོག་ཕྱག་ལས་གནང་མཁན་གྱི་ཚོགས་པ་ཞིག་ནས་གོ་སྐབས་དེ་དང་བསྟུན། བོད་ཀྱི་ཆུ་བོའི་ཐོན་ཁུངས་དང་འབྲེལ་བ་ཡོད་པའི་ཨེ་ཤེ་ཡིའི་རྒྱལ་ཁབ་ཁག་བཅུ་ཡི་བློན་ཆེན་ལ་བོད་ཀྱི་གཙང་ཆུ་བེད་སྤྱོད་ལོག་པར་བཏང་བའི་རྒྱ་ནག་གི་སྲིད་ཇུས་ལ་མཉམ་རུབ་ཀྱིས་ཁ་གཏད་གདོང་ལེན་བྱས་ཏེ།    བོད་ཀྱི་གཙང་ཆུ་སྲུང་སྐྱོབ་བྱ་དགོས་པའི་འབོད་སྐུལ་གྱི་ཕྱག་བྲིས་ཕུལ་འདུག དེ་ཡང་རྒྱལ་སྤྱིའི་བོད་ཀྱི་གནད་དོན་འབྲེལ་ལམ་ཁང་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། རྒྱ་ནག་གཞུང་གིས་བཙན་འཛུལ་བྱེད་ཡུལ་བོད་ཀྱི་ས་ཁུལ་དེ་ནི། འཛམ་གླིང་གི་བྱང་སྣེ་གསུམ་པར་ངོས་འཛིན་བྱེད་པས་མ་ཟད། ཨེ་ཤེ་ཡའི་མངའ་ཁུལ་ནང་རྒྱུག་བཞིན་པའི་ཆུའི་འབྱུང་ཁུངས་གཙོ་བོ་ཡིན་ནའང་རྒྱ་ནག་གཞུང་གིས་བོད་ཀྱི་གཙང་ཆུ་ཁ་འགྱུར་གཏོང་བ་དང༌། གཙང་ཆུའི་ཐོག་ཆུ་མཛོད་རྒྱག་པ། འབྲོག་པ་རྣམས་གནས་གཞན་དུ་སྤོ་རུ་བཅུག་པ། བོད་ཀྱི་རང་འབྱུང་ས་ཆ་གང་བྱུང་གིས་སྔོག་འདོན་བྱེད་པ་སོགས་ཀྱིས་ད་ཆ་བོད་ཀྱི་ཆུའི་འབྱུང་ཁུངས་ལ་ཉེན་ཁ་ཞིག་ཏུ་འགྱུར་བཞིན་ཡོད་སྐོར་ངོ་སྤྲོད་དང་འབྲེལ།    བོད་ཀྱི་ཆུའི་འབྱུང་ཁུངས་ལ་བརྟེན་ནས་འཚོ་བཞིན་པའི་ཨེ་ཤེ་ཡའི་རྒྱལ་ཁབ་རྣམས་མཉམ་རུབ་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་གཙང་ཆུའི་ཐོག་ཆུ་མཛོད་རྒྱག་པའི་འཛུགས་སྐྲུན་གྱི་ལས་གཞི་རྣམས་མཚམས་འཇོག་ཡོང་ཐབས་ལ་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་དང༌། རྒྱ་ནག་དང་ཁྱིམ་མཚེས་ཨེ་ཤི་ཡའི་རྒྱལ་ཁབ་ཕན་ཚུན་གཙང་ཆུའི་དཀའ་ངལ་སེལ་ཐབས་ཀྱི་གྲོས་ཆོད་འཇོགས་རྒྱུ། ད་དུང་རྒྱ་ནག་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་ཆུའི་གནས་སྟངས་སམ་དཀའ་ངལ་ཇི་ཡོད་གནས་ཚུལ་བརྗེ་ལེན་དང་མཁོ་སྤྲོད་བྱ་རྒྱུའི་གྲོས་ཆོད་ཁས་ལེན་ཡོང་ཐབས་སུ་གནོན་ཤུགས་སྤྲོད་ཐབས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎