རྒྱལ་ཚོགས་མདུན་ལས་འགུལ།


2013.03.06
ཀིརྟི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་རྒྱལ་ཚོགས་མདུན་དུ་བོད་ནང་གི་སྡུག་བསྔལ་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་པ།
སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་དྲ་གནས།

༄༅།    །ཁ་སང་ཕྱི་ཚེས་ ༥ རེས་གཟའ་མིག་དམར་ཉིན་ཀིརྟི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག    ད་བར་བོད་ནང་དུ་རང་ལུས་མེར་སྲེག་གཏོང་མཁན་བོད་མི་ ༡༠༧ གཙོ་བོར་གྱུར་བའི་ཁོང་རྣམས་ཀྱི་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་སུད་སི་ནང་གི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་མཆོད་འབུལ་སྨོན་ལམ་ཚོགས་གནང་འདུག མཆོད་འབུལ་སྨོན་ལམ་འདི་བཞིན་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༢༢ འཚོགས་བཞིན་པའི་སྐབས་དང་བསྟུན། སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གིས་གོ་སྒྲིག་ཞུས་གནང་བ་ཞིག་རེད་འདུག།
གྲང་ངར་ཆེ་བའི་གནམ་གཤིས་ལ་མ་འཛེམ་པར་བོད་མི་ ༢༠༠ ཙམ་གྱིས་མཆོད་འབུལ་སྨོན་ལམ་ནང་མཉམ་ཞུགས་གནང་འདུག་ལ། ཀིརྟི་རིན་པོ་ཆེ་མཆོག་གིས་བོད་མི་མི་རེ་ངོ་རེར་བོད་སྤྱི་པའི་རྩ་དོན་ཆེད་འགན་ཡོད་པ་དང། འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་བོད་ཀྱི་རྩ་དོན་ཆེད་ཚང་མས་སྣེ་ཁྲིད་ཐུབ་ཐབས་གནང་རྒྱུའི་དུས་ལ་བབ་ཡོད་སྐོར་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎