ཧོང་ཀོང་སྲང་ལམ་གྱི་ངོ་རྒོལ་བའི་ར་སྐྱོར་རྩ་མེད་བཟོ་བཞིན་པ།


2014.10.14
ཧོང་ཀོང་སྲང་ལམ་གྱི་་ངོ་རྒོལ་བའི་ར་སྐྱོར་རྩ་མེད་བཟོ་བཞིན་པ། 2014/10/13 ཧོང་ཀོང་སྲང་ལམ་གྱི་་ངོ་རྒོལ་བའི་ར་སྐྱོར་རྩ་མེད་བཟོ་བཞིན་པ། 2014/10/13
AFP

ལས་འགུལ་བས་ཧོང་ཀོང་གི་སྲང་ལམ་བཀག་ཆེད་རྒྱབ་ཡོད་པའི་ར་སྐྱོར་རྣམས་ཉེན་རྟོག་པས་རྩ་མེད་བཟོ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད།
དེ་ཡང་དམངས་གཙོའི་ལས་འགུལ་བ་ཚོས་ཧོང་ཀོང་གི་སྲང་ལམ་ཁག་ལ་ར་སྐྱོར་གྱིས་བཀག་ཏེ་ངོ་རྒོལ་ལས་འགུལ་སྤེལ་བཞིན་པ་དང། ད་རེས་ཚོུད་འགའ་ཤས་ཀྱི་གོང་དེར་ཧོང་ཀོང་དྲག་ཆས་ཉེན་རྟོག་པ་བརྒྱ་གྲངས་འགའ་ཤས་ཀྱིས་ར་སྐྱོར་གྱི་ཤིང་བཏུབ་ཆེད་ཀྱི་སོ་ལེ་སོགས་ལག་ཆ་འཁྱེར་ཏེ་དམངས་གཙོའི་ལས་འགུལ་བ་ཚོས་གཟའ་འཁོར་གཉིས་རིང་ཧོང་ཀོང་རྒྱ་ལམ་ཆེ་ཁག་གཉིས་བཀག་པའི་ར་སྐྱོར་རྣམས་བཏུབ་པ་དང་བཅག་ཏེ་གཙང་སེལ་བཟོས་པའི་རྗེས་སླར་ཡང་ཉེན་རྟོག་པས་སྲང་ལམ་གཞན་དག་བཀག་བཞག་པ་དེ་དག་ཀྱང་གཙང་སེལ་བཟོ་རྒྱུ་ཡིན་པ་བཤད་ཡོད་པ་རེད།
ད་དུང་ཉེན་རྟོག་པས་ཧོང་ཀོང་གི་Mongkok ས་གནས་ནང་ཉེ་ཆར་ངོ་རྒོལ་བྱེད་མིའི་ཐོག་རྒོལ་རྡུང་བཏང་བའི་དོན་རྐྱེན་བྱུང་ཡུལ་དེའི་ནང་གི་ངོ་རྒོལ་བྱེད་མིའི་མཐའ་སྐོར་ཏུ་ཉེན་རྟོག་པ་འགྲེམས་འཇོག་བྱས་ཏེ་བལྟ་སྲུང་ནན་པོ་བྱ་རྒྱུ་ཡིན་པ་བཤད་ཡོད་པ་རེད། བར་ལམ་ཧོང་ཀོང་དམངས་གཙོ་དོན་གཉེར་ཅན་ཚོས་༢༠༡༧ ལོའི་ཧོང་ཀོང་གི་དབུ་ཁྲིད་མི་དམངས་ཀྱིས་འོས་འདེམས་བྱ་རྒྱུའི་ཐོབ་ཐང་དགོས་པའི་དགོས་འདུན་སྟོན་པའི་ལས་འགུལ་སྤེལ་བའི་རྗེས་ཕྱི་ཟླ་བརྒྱད་པའི་ནང་རྒྱ་ནག་གཞུང་གིས་ཁས་ལེན་མ་བྱས་པར་བརྟེན་ནས་བསྐྱར་ཏུ་ངོ་རྒོལ་ལས་འགུ་རྣོ་ངར་ཆེ་རུ་ཕྱིན་པ་མ་ཟད། མཚམས་རེ་ངོ་རྒོལ་བྱེད་མཁན་དང་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་མི་དམངས་ཕན་ཚུན་དྲག་ཟིང་གི་དོན་རྐྱེན་ཡང་བྱུང་ཡོད་པ་དང། ལྷག་པར་དུ་ཕྱི་ཟླ་དགུ་པའི་ཚེས་༢༨ ཉིན་ཉེན་རྟོག་པས་ངོ་རྒོལ་བྱེད་མཁན་ཞི་བའི་མི་དམངས་ཐོག་མིག་ཆུ་ཤོར་བའི་དུག་རླངས་བཏོར་བའི་རྗེས་མི་དམངས་སྟོང་ཕྲག་མང་པོ་རྒྱ་ལམ་འདུ་འཛོམས་བྱས་ཏེ་ངོ་རྒོལ་ལས་འགུལ་གྱི་རྣམ་པ་རྣོ་ངར་ཇེ་ཆེར་ཕྱིན་པ་ཡོད་རེད། འོན་ཀྱང་དེ་རེས་ཀྱི་ཉིན་མ་གཉིས་ནང་ལ་ཉེན་རྟོག་པས་རྒྱ་ལམ་ཐོག་གི་ར་སྐྱོར་རྣམས་གཙང་སེལ་བཟོས་ཏེ་མོ་ཊའི་འགྲིམས་འགྲུལ་སྒོ་མོ་ཕྱེ་བ་དང་ངོ་རྒོལ་བྱེད་མཁན་མི་དམངས་འཕོན་ཆེན་པོ་འདུ་འཛོམས་བྱས་ཡོད་པ་རྣམས་ཁ་ཐོར་ཏུ་མ་བཏང་བར་ས་ཆར་རང་གནས་སུ་བསྡོད་དུ་བཅུག་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎