ཐའེ་ལྦན་དུ་ངོ་རྒོལ་རྔམ་སྟོན་རྒྱ་ཆེ་སྤེལ་ཡོད་པའི་གནས་ཚུལ།

རྒྱ་ནག་གི་ཚོང་དོན་སྐུ་ཚབ་ཚོགས་པ་རྣམས་ལ་ངོ་རྒོལ་ཆེད་ཐའེ་ལྦན་མི་མང་ཁྲི་ཚོ་མང་པོས་འདུ་འཛོམས་ཀྱི་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་སྤེལ་འདུག

2008.11.06

༄༅༎ཐའེ་ལྦན་གྱི་གཞུང་འཛིན་གོ་མིང་ཏང་ཚོགས་པས་རྒྱ་ནག་སྐམ་ས་ཆེན་མོ་དང་མཐུན་འབྲེལ་དམ་བཟབ་བྱེད་པའི་སྲིད་ཇུས་ལ་ངོ་རྒོལ་དང་ལྷག་པར་དུ་དེང་ཐའེ་ལྦན་གྱི་རྒྱལ་ས་ཐའེ་པེ་རུ་གཞུང་དོན་འཚམས་གཟིགས་སུ་འབྱོར་བའི་རྒྱ་ནག་གི་ཚོང་དོན་སྐུ་ཚབ་ཚོགས་པ་རྣམས་ལ་ངོ་རྒོལ་གྱི་རྣམ་པ་སྟོན་ཆེད་དེ་རིང་ཚེས་དྲུག་ཉིན་རྒྱལ་ས་ཐའེ་པེ་རུ་མི་མང་ཁྲི་ཚོ་མང་པོས་འདུ་འཛོམས་ཀྱི་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་རྒྱ་ཆེ་སྤེལ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་ནང་མཉམ་ཞུགས་གནང་པའི་མི་མང་ཕལ་ཆེ་བ་རྣམས་ཐའེ་ལྦན་རང་བཙན་རྒྱལ་ཁབ་ཀྱི་འདོད་ཚུལ་འཛིན་མཁན་དམངས་གཙོ་ཡར་ཐོན་ཚོགས་པར་རྒྱབ་བསྐྱོར་ཞུ་མཁན་གྲས་ཡིན་འདུག་པ་དང་ཁོང་རྣམ་ནས་རྒྱལ་ས་ཐའེ་པེ་རུ་ཡོད་པའི་སྲིད་འཛིན་ལས་ཁུངས་ཀྱི་མདུན་ཐང་དུ་འདུ་འཛོམས་བྱས་སྟེ་ཐའེ་ལྦན་དང་རྒྱ་ནག་གཉིས་ནི་མཚོ་འགག་ཕན་ཚུན་དུ་ལོགས་སུ་གནས་པའི་རྒྱལ་ཁབ་ཐ་དད་ཡིན་པའི་འབོད་སྒྲ་དང་ཕྲེད་དར་འཕྱར་བ་དང་ཡང་ངོ་རྒོལ་བ་བརྒྱ་ཕྲག་མང་པོས་རྒྱ་ནག་སྐམ་ས་ཆེན་མོའི་ཚོང་དོན་སྐུ་ཚབ་ཚོགས་པ་བཞུག་སའི་མགྲོན་ཁང་གི་མདུན་དུ་རྒྱང་བསྒྲགས་ཐོག་ཚ་ཚ་འུར་འུར་གྱི་ངོ་རྒོལ་གྱི་སྐད་འབོད་བྱེད་བཞིན་ཡོད་པ་རེད། ཐའེ་ལྦན་ནང་རྒྱ་ནག་གི་ཚོང་དོན་སྐུ་ཚབ་ཚོགས་པ་དེ་བཞིན་རྒྱ་ནག་སྐམ་ས་ཆེན་མོའི་ཐའེ་ལྦན་འབྲེལ་མཐུད་ལས་ཁང་གི་འགན་འཛིན་ཁྲེང་ཡུན་ལིང་གིས་སྣེ་འཁྲིད་གནང་ཡོད་པ་རེད། ཐའེ་ལྦན་གྱི་སྲིད་འཛིན་མཱ་དབྱིང་ཅུའུ་དང་རྒྱ་ནག་གི་སྐུ་ཚབ་རྣམ་གཉིས་དབར་དེ་རིང་མཇལ་འཛོམས་གནང་རྒྱུ་ཡིན་ཡང་ཁྲོམ་གཞུང་ཐོག་མི་མང་ཁྲི་ཚོ་མང་པོས་ངོ་རྒོལ་གྱི་འདུ་འཛོམས་ལ་རྐྱེན་པས་མཇལ་མོལ་གྱི་དུས་ཚོད་སྔ་ནུར་བྱེད་དགོས་བཟོས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎