བཞུགས་སྒར་དུ་ངོ་རྒོལ།


2013.03.21
གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་ངོ་རྒོལ། ཕྱི་ཚེས་༢༡ཉིན་བཞུགས་སྒར་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ།
བོད་རང་བཙན་སློབ་ཕྲུག་ཚོགས་པ།

༄༅།    །ཉེ་ལམ་སྤྱི་ཟླ་གསུམ་པའི་ཚེས་༡༣ཉིན་བོད་མདོ་སྨད་མཛོད་དགེ་རྫོང་དུ་བོད་རིགས་བུད་མེད་རང་ལོ་སུམ་ཅུ་སོ་གཅིག་སོན་པ་དཀོན་མཆོག་དབང་མོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་རྒྱ་ནག་གཞུང་གི་དྲག་རྩུབ་སྲིད་ཇུས་ལ་ངོ་རྒོལ་གྱིས་འདས་གྲོངས་སུ་གྱུར་པ་ལྟར།    རྒྱ་ནག་གཞུང་གིས་དེ་ནི་ཁོང་གི་བཟའ་ཟླ་སྒྲོལ་མ་སྐྱབས་ཀྱིས་གཅར་རྡུང་བྱས་ནས་བསད་པ་ཡིན་ལུགས་སོགས་སྒྲོལ་མ་སྐྱབས་ལ་མ་ཉེས་ཁག་གཡོག་གིས་འཛིན་བཟུང་ བཙོན་འཇུག་བྱས་ཏེ་ད་ཆ་གར་ཡོད་ཀྱི་གནས་སྟངས་གསལ་ཁ་མེད་པར་ལྷག་ཡོད་པར་བརྟེན།    བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས།    ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་བཅས་ནས་དེ་རིང་ཕྱི་ཚེས་༢༡ཉིན་བཞུགས་སྒར་དྷ་རམ་ས་ལ་རླངས་འཁོར་བབས་ཚུགས་ཀྱི་མི་ཚོགས་འཛོམས་སར་རྒྱ་ནག་ གཞུང་གིས་བོད་མི་རང་ལུས་མེར་བསྲེགས་གནང་མཁན་ཚོའི་བཟའ་མི་ལ་མ་ཉེས་ཁག་གཡོག་བྱས་ཏེ་བཙོན་འཇུག་བྱེད་མི་ཆོག་པ་དང་།ལྷག་པར་ཉེ་ལམ་དཀོན་མཆོག་དབང་མོའི་བཟའ་ཟླ་སྒྲོལ་མ་སྐྱབས་ལགས་སུ་མ་ཉེས་ཁ་གཡོག་གིས་འཛིན་བཟུང་བྱས་པར་རྔམ་སྟོན་ཁྲོམ་སྐོར་གྱི་སྐད་འབོད་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎