རྒྱལ་ཚོགས་མདུན་དུ་མི་ཚང་གཉིས་ནས་ལས་འགུལ།

སུས་སིར་བཅའ་བཞུགས་བོད་མིའི་ཁྱིམ་ཚང་གཉིས་ཀྱིས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་མུ་མཐུད་སྤེན་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

2013.01.17

༄༅།    །སྔ་ལོ་ཕྱི་ཟླ་ ༡༢ པའི་ཚེས་ ༡༠ འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ནས་བཟུང་། སུས་སིར་གནས་བཞུགས་ལྷུན་གྲུབ་ཚང་ཀརྨ་བཀྲིས་ཚེ་རིང་ལགས་དང་།  སྟག་ཚང་དཀོན་མཆོག་ལགས་ཁྱིམ་ཚང་གི་ནང་མི་ཚོས་བོད་དང་བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ཆེས་ཛ་དྲག་གི་གནས་སྟངས་འོག་རྐྱེན་པས་གྲོང་ཁྱེར་ཇི་ནི་ཝར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་མདུན་དུ་  ལོ་གཅིག་རིང་ཟླ་རེའི་རེས་གཟའ་ལྷག་པ་དང་པོ་དང་། གསུམ་པ་ནམ་ཡིན་ལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་མདུན་དུ་ཞུ་གཏུག་གི་ལས་འགུལ་འགོ་འཛུགས་བྱས་ཡོད་པ་རེད།  ལས་འགུལ་ཐེངས་གསུམ་པ་དེ་ཁ་ས་ཕྱི་ཚེས་ ༡༦ ཉིན་ཇི་ནི་ཝ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མདུན་དུ་སླར་ཡང་ཞི་རྒོལ་གྱི་རྣམ་པའི་ཐོག་ནས་སྤེལ་འདུག་ལ། ལས་འགུལ་དེའི་བརྒྱུད་གཞིས་ལུས་བོད་མིའི་མངོན་འདོད་ལྟར། དེ་སྔ་རྒྱལ་ཚོགས་ནས་བོད་དོན་ཐོག་བཞག་པའི་གྲོས་ཆོད་ཁག་སླར་ཡང་རྒྱལ་ཚོགས་ནས་ གླེང་སློང་དང་ལག་བསྟར་མཇུག་བསྣོན་དགོས་པ་དང་།  བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་ཕྱིར་ཕེབས་གནང་རྒྱུར་རྒྱལ་ཚོགས་ནས་མཐུན་འགྱུར་གནང་ཐབས་དགོས་པ་དང་།   ཀུན་གཟིགས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གཙོས་པའི་བོད་མི་ཆབ་སྲིད་བཙོན་པ་ཡོངས་རྫོགས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་འབྱུང་ཐབས་དགོས་པ་དང་།  བོད་ནང་རང་ལུས་མེར་སྲེག་གི་ཛ་དྲག་དོན་རྐྱེན་བྱུང་དང་འབྱུང་བཞིན་པ་འདིའི་ཐད།  རྒྱལ་ཚོགས་ཀྱི་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་ཞིག་གང་མགྱོགས་ཆེད་གཏོང་དགོས་པ་དང་།  བོད་མིའི་སྒྲིག་འཛུགས་དང་རྒྱ་ནག་གཞུང་དབར་ཞི་མོལ་བསྐྱར་གསོ་ཡོང་ཐབས་སུ་ཤུགས་སྣོན་སྐྱོན་དགོས་པ་བཅས་འབོད་སྐུལ་དོན་ཚན་ཁག་དྲུག་བཏོན་ཡོད་པ་རེད།།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎