ཧོང་ཀོང་དུ་མི་མང་པོས་རྒྱ་ནག་སྲིད་འཛིན་ལ་ངོ་རྒོལ།

རྒྱ་ནག་གི་སྲིད་འཛིན་ཧོང་ཀོང་ནང་གཟིགས་སྐོར་ལ་འབྱོར་ཡོད་པ་དང་ཧོང་ཀོང་ནང་གི་མི་མང་པོས་ངོ་རྒོལ་བསྟུན་མར་བྱེད་བཞིན་འདུག

2012.06.30

༄༅༎རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཧོང་ཀོང་ནང་གཟིགས་སྐོར་ལ་འབྱོར་ཡོད་པ་དང་། ཧོང་ཀོང་ནང་གི་མི་མང་པོས་ངོ་རྒོལ་བསྟུན་མར་བྱེད་བཞིན་ཡོད་འདུག

རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཁ་ས་གཟའ་པ་སངས་ནས། ཧོང་ཀོང་གི་བདག་དབང་རྒྱ་ནག་གཞུང་གིས་རྩིས་ལེན་བྱས་ཏེ་ལོ་ངོ་༡༥འཁོར་བའི་དུས་དྲན་གྱི་རྟེན་འབྲེལ་མཛད་སྒོར་བཞུགས་རྒྱུའི་ཆེད་ཧོང་ཀོང་ནང་ཕེབས་ཡོད་པ་དང་། ཧོང་ཀོང་གཞུང་གིས་ངོ་རྒོལ་བྱེད་མཁན་ཚོ་དགོས་འདུན་བཏོན་མཁན་ཞེས་མིང་བཏགས་ནས་ངོ་རྒོལ་བྱེད་སའི་་ས་ཆ་ཞིག་སྤྲད་ཡོད་ཀྱང་། ས་ཆ་དེ་དང་ཧུའུ་ཅིན་ཐའོ་གནས་སྡོད་བྱེད་སའི་མགྲོན་ཁང་དང་། མཛད་སྒོ་ཁག་ཚུགས་ས་སོགས་དང་ས་ཐག་ཧ་ཅང་རིང་པོ་ཡིན་སྟབས། ཧོང་ཀོང་གི་གསར་འགྱུར་རྒྱུད་ལམ་ཁག་དང་། ལྷག་པར་དུ་དྲ་རྒྱའི་ཐོག་ཧོང་ཀོང་གཞུང་ལ་ མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བའི་སྐྱོན་བརྗོད་ཤུགས་ཆེར་ཐོན་པ་དང༌། མི་མང་པོས་ཁོང་ཁྲོའི་རྣམ་འགྱུར་ཤུགས་ཆེ་བཏོན་བཞིན་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎