རྨ་ཆུའི་ནང་སློབ་མས་ངོ་རྒོལ།
2013.04.11

༄༅། །ཕྱི་ཚེས་ ༡༠ ཉིན་རྨ་ཆུ་རྫོང་ཐོག་གི་ས་གནས་ཁག་ཏུ་བོད་རིགས་སློབ་ཐོན་པ་རྣམས་ནས་བོད་ཡིག་དང་རྒྱ་ཡིག་གཉིས་ཀར་འཁོད་པའི་སྦྱར་བྱང་ཆེན་པོ་བཟུང་སྟེ་དངོས་སུ་ཞུ་འབོད་གནང་ཡོད་པ་དང་། དེ་ཡང་གཙོ་བོ་ས་གནས་སློབ་མ་རྣམས་སློབ་མཐར་ཕྱིན་རུང་། ས་གནས་སྲིད་གཞུང་གིས་གཏན་འཇགས་ལས་གནས་མ་བགོས་པར་ས་ཕྱོགས་གཞན་གྱི་མི་ལ་ལས་བགོས་དང་། ངོ་ཤེས་ཚོར་ལས་བགོས་བྱེད་པ། དེ་བཞིན་རྒྱ་ཡིག་གཙོ་བོ་བཟུང་ནས་རྒྱུགས་སྤྲོད་དགོས་ཀྱི་ཡོད་པར་བརྟེན། བོད་ཡིག་གཙོ་བོ་བྱས་ནས་སློབ་ཐོན་གྱི་སློབ་མ་ཚོ་ལས་ཀ་འཚོལ་སྐབས་རྒྱུགས་མི་འཕྲོད་པའི་དམིགས་བསལ་དཀའ་ངལ་ཕྲད་ཀྱི་ཡོད་པ་གསལ་བཏོན་གནང་འདུག དེ་བཞིན་གཏན་འཇགས་ལས་གནས་སུ་བསྐོ་བཞག་བྱེད་སྐབས་ས་ནས་སློབ་མ་གཙོ་བོར་མ་བཞག་པར་རྒྱ་མི་མང་པོ་དང་ས་ཕྱོགས་གཞན་པའི་མི་བསྡུ་ལེན་བྱེད་ཀྱི་ཡོད་པའི་ཡིག་ཆ་བཀྲམ་ཡོད་པས་མ་ཟད། འཕྲེད་དར་སྟེང་ཡི་གེ་བྲིས་ནས་རྫོང་ཐོག་ཏུ་བོད་པའི་ན་གཞོན་མང་པོས་འདུ་འཛོམས་ཀྱིས་ཞུ་འབོད་གནང་འདུག།