བློ་བཟང་བསྟན་པ་ལགས་མི་ལོ་གཉིས་ཀྱི་རྗེས་བཙོན་བཀྲོལ་བྱུང་བ།


2016.05.05
རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་དང་བློ་བཟང་བསྟན་པ་ལགས་ཀྱིས་སྐད་འབོད་སྐབས་དང་བཙོན་བཀྲོལ་བྱུང་སྐབས། ༢༠༡༤།༢༠༡༦ རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་དང་བློ་བཟང་བསྟན་པ་ལགས་ཀྱིས་སྐད་འབོད་སྐབས་དང་བཙོན་བཀྲོལ་བྱུང་སྐབས། ༢༠༡༤།༢༠༡༦
བོད་འབྱོར།

དེ་ཡང་བོད་ནས་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་ཕྱི་ཟླ་ལྔ་པའི་ཚེས་༥་ཉིན། ཆབ་སྲིད་བཙོན་པ་མདོ་སྨད་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་བློ་བཟང་བསྟན་པ་ལགས། རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ནང་ནར་མ་སོན་པའི་གཞོན་ནུའི་བཙོན་ཁང་ཐོས་ཞན་ཟེར་བ་ནས་གློད་གྲོལ་བྱུང་ཡོད་འདུག འབྲེལ་ཡོད་མི་སྣས་བརྗོད་དོན་ལྟར་ན། ཁོང་དེ་རིང་གློད་གྲོལ་བྱུང་སྐབས་མི་མང་པོ་ཁོང་ལ་ཕེབས་བསུ་ཆེད་བཙོན་ཁང་མདུན་བཅར་འདུག་ལ་སང་ཉིན་ཚེས་༦་ཉིན་ཕྱིར་ཕ་ཡུལ་དུ་འབྱོར་གྱི་ཡོད་འདུག
གོང་དུ་ཞུས་པའི་དགེ་འདུན་པ་བློ་བཟང་བསྟན་པ་ལགས་ནས། དེ་སྔ་ཕྱི་ལོ་༢༠༡༤་ཟླ་༤་ཚེས་༢༦་ཉིན་མགོ་ལ་བོད་ཀྱི་རྒྱལ་དར་བྲིས་མ་ཞིག་དཀྲིས་ཤིང་ལག་ཏུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཆེན་པོ་ཞིག་བཟུང་ནས། རྔ་བ་རྫོང་མཁར་གྱི་གཞུང་ལམ་དུ་ཐོན་ཏེ། རྒྱ་ནག་གཞུང་གིས་བོད་ཐོག་བཟུང་བའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་གོམ་བགྲོད་བྱས་ཡོད་པ་དང་། རིང་བོ་མ་སོང་བར་རྒྱ་ནག་གི་ཉེན་རྟོག་པས་ཁོང་བཙན་ཁྲིད་བྱས་ཡོད་འདུག དེ་ནས་རིམ་པས་རྔ་བ་ཁུལ་གྱི་ལྟེ་གནས་འབར་ཁམས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས། རྒྱལ་ཁབ་ལ་ངོ་ལོག་གི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག ཁྲིམས་རར་ནང་མི་དང་ཁྲིམས་རྩོད་པ་བཅས་ཡོང་མ་བཅུག་པར་ལོ་གཉིས་ཀྱི་བཙོན་བཅུག་ཁྲིམས་ཐག་བཅད་ཡིན་པ་རེད།
བློ་བཟང་བསྟན་པ་ལགས་ནི་བོད་མདོ་སྨད་རྔ་བ་རང་སྐྱོང་ཁུལ་རྔ་བ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ནང་གི་ཕ་ངག་ཆུང་དང་། མ་སྒྲོལ་མ་ཆོས་ཁོ་གཉིས་ཀྱི་བུ་ཆུང་བ་ཡིན་འདུག

 

གསར་འགོད་པ་ཀླུ་འབུམ་དང་ཀུན་བཟང་བསྟན་འཛིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎