ཐེ་ལེན་ཌིའི་སྲིད་དོན་གནས་སྟངས་དྲག་ཟིང་ངང་གནས་ཡོད་པ།

ཐེ་ལེན་ཌིའི་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོས་སྲིད་བློན་གྱི་ཕེབས་འགྲོར་གཏོར་རྒོལ་བྱས་རྗེས་སྲིད་བློན་མཆོག་མགྲོན་ཁང་ནང་བཙན་བཀག་བྱས་པ།

2009.04.07

༄༅༎རེས་གཟའ་མིག་དམར་གྱི་ཉིན་རྒྱལ་ལྡན་ཐེ་ལེན་ཌིའི་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོས་སྲིད་བློན་ཨ་སྦི་སིཏ་ལྦེ་ཇ་ཇི་ལྦའི་ཕེབས་འགྲོ་ལ་གཏོར་རྒོལ་བྱས་རྗེས་སྲིད་བློན་མཆོག་དེ་གའི་མཚོ་ཁའི་མགྲོན་ཁང་ཞིག་གི་ནང་བཙན་བཀག་བྱས་པའི་གནས་ཚུལ་བྱུང་རྗེས་ད་ཆ་ཐེ་ལེན་ཌིའི་ཡུལ་གྱི་སྲིད་དོན་གནས་སྟངས་དྲག་ཟིང་ཅི་ཆེའི་ངང་གནས་ཡོད་པ་རེད།

གཞུང་ལ་ངོ་རྒོལ་བྱེད་མཁན་དེ་ཚོ་ནི་དེ་སྔོན་ཐེ་ལེན་ཌིའི་སྲིད་བློན་ཟུར་པ་ཐཀ་སིན་ཤི་ན་ལྦ་ཏྲ་ཞུ་བ་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཚོགས་པ་ཞིག་ཡིན་པ་དང་ཚོགས་པ་དེས་ད་ལྟའི་སྲིད་བློན་གྱི་ཕེབས་འགྲོར་གྱི་ཤེལ་སྒོ་བཅག་པ་དང་རྒོལ་བརྡུང་བྱས་རྗེས་ཉེ་ཁྲིད་མགྲོན་ཁང་ནང་ཡིབ་བཞུགས་གནང་དགོས་བྱུང་ཡོད་པ་རེད། ཉེ་སྔོན་སྤྱི་ཟླ་གསུམ་པའི་ཚེས་ཉི་ཤུ་དྲུག་ནས་བཟུང་སྲིད་བློན་ཟུར་པ་ཐཀ་སིན་ཤི་ན་ལྦ་ཏྲ་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ད་ལྟའི་སྲིད་བློན་གྱི་ཡིག་ཚང་བཙན་དབང་བྱས་ཡོད་པ་དང་སྲིད་བློན་གྱི་མཚན་གནས་ནས་དགོངས་ཞུ་དགོས་ལུགས་དང་ཡུལ་གྱི་ནང་སྤྱི་ཡོངས་འོས་བསྡུ་གསར་པ་བྱ་དགོས་པའི་དགོས་འདུན་བཏོན་ཡོད་པ་སོགས་ཐེ་ལེན་ཌིའི་སྲིད་དོན་གནས་སྟངས་ཆ་བརྟན་པོ་མེད་པའི་གནས་ཚུལ་ཐོན་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎