ཁཱ་ཏའར་ཡུལ་གྱིས་ལི་བི་ཡའི་གྱེན་ལོག་ལྷན་ཚོགས་སྐོར་གླེང་སློང།
2011.03.28
༄༅༎དེ་རིང་ཁཱ་ཏའར་(Qatar)ཡུལ་གྱིས་ལི་བི་ཡའི་གྱེན་ལོག་རྒྱལ་ཡོངས་ལྷན་ཚོགས་དེ་བཞིན་ལི་བི་ཡ་མང་ཚོགས་ཀྱི་ཁྲིམས་མཐུན་ངོ་ཚབ་ཡིན་པར་ངོས་འཛིན་བྱས་འདུག
དེ་ཡང་ཁཱ་ཏའར་གྱི་གཞུང་འབྲེལ་གསར་ལས་ཁང་གིས་ལི་བི་ཡའི་རྒྱལ་ཡོངས་ལྷན་ཚོགས་དེ་བཞིན་ལི་བི་ཡ་རྒྱལ་ཁབ་དང་དེའི་མང་ཚོགས་ཀྱི་ངོ་ཚབ་ཡིན་པའི་ཡིད་ཆེས་བརྟན་པོ་བྱུང་རྗེས་ཡུལ་དེའི་ཁྲིམས་མཐུན་ངོ་ཚབ་ཡིན་པར་ངོས་འཛིན་བྱས་པ་ཡིན་ཞེས་ཁཱ་ཏའར་ཕྱི་སྲིད་ལྷན་ཁང་གི་དཔོན་རིགས་ཤིག་གིས་གསུང་པ་ནས་ལུང་འདྲེན་བྱས་བཞག
ཁཱ་ཏའར་གྱི་ཐག་གཅོད་དེ་གནང་བཏང་སྐོར་འགྲེལ་བཤད་དང་འབྲེལ། ཁཱ་ཏའར་ཕྱི་སྲིད་ལྷན་ཁང་གི་དཔོན་རིགས་དེས་ལི་བི་ཡའི་གྱེན་ལོག་ཤོག་ཁག་གིས་བཙུགས་པའི་རྒྱལ་ཡོངས་ལྷན་ཚོགས་དེའི་ནང་ལི་བི་ཡའི་ས་ཁུལ་འདྲ་མིན་གྱི་འཐུས་ཚབ་ཡོད་པ་དང༌། ལི་བི་ཡའི་རྒྱ་ཆེའི་མང་ཚོགས་ནས་ངོས་ལེན་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་འདུག།