སྐྱེ་རྒུ་མདོའི་ཁུལ་དུ་འཛུགས་སྐྲུན་སླར་གསོའི་དཀའ་ངལ།

རྒྱ་ནག་གི་དཔོན་རིགས་ནས་སྐྱེ་རྒུ་མདོ་ས་ཡོམ་གྱི་གོད་ཆགས་བྱུང་བའི་རྗེས་ཀྱི་འཛུགས་སྐྲུན་སླར་གསོའི་ལས་དོན་ལ་དཀའ་ངལ་ཕྲད་བཞིན་པ།

2010.04.26

༄༅༎རྒྱ་ནག་གི་དཔོན་རིགས་ནས་སྐྱེ་རྒུ་མདོ་ས་ཡོམ་གྱི་གོད་ཆགས་བྱུང་བའི་རྗེས་ཀྱི་འཛུགས་སྐྲུན་སླར་གསོའི་ལས་དོན་ལ་དཀའ་ངལ་དུ་མ་ཕྲད་བཞིན་པའི་སྐོར་བརྗོད་འདུག

མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཁྱབ་གཞོན་པ་ཀྲང་གོང་རུང་གིས་གཟའ་ཟླ་བའི་ཉིན་པེ་ཅིན་དུ་ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་འཛུགས་སྐྲུན་སླར་གསོའི་སྐོར་གྱི་གསར་འགོད་ལྷན་ཚོགས་ཐོག་བརྗོད་པར་གཞིགས་ན་ ས་ཡོམ་གྱི་གོད་ཆགས་ཕོག་ཡུལ་ག་སྐྱེ་རྒུ་མདོ་ཁུལ་གྱི་འཛུགས་སྐྲུན་སླར་གསོའི་ལས་དོན་ལ་གནད་དོན་གལ་ཆེའི་བཞིའི་ཐོག་དཀའ་ངལ་ཕྲད་ཀྱི་ཡོད་པ་དང་ གནམ་གཤིས་ཧ་ཅང་སྡུག་པོ་ཡོད་པའི་རྐྱེན་གྱིས་ འཛུགས་སྐྲུན་ལས་གཞིའི་དུས་བཀག་ཚད་གཞི་འདེངས་ངེས་མེད་པ་དང་ དེ་བཞིན་འགྲིམ་འགྲུལ་སྟབས་བདེ་མེད་པ་ འཛུགས་སྐྲུན་སླར་གསོའི་ཡོ་ཆས་ཁག་གིས་ས་གནས་ཀྱི་འཁོར་ཡུག་ལ་གནོད་ཚབས་མི་ཡོང་བའི་སྲུང་སྐྱོབ་ལས་དོན་སྤེལ་དགོས་ཀྱི་ཡོད་པ་དང་ དེ་མིན་བདེ་འཇགས་མི་ལེགས་པའི་གློག་གི་ཡོ་ཆས་སོགས་བེད་སྤྱོད་བྱ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་ལུགས་དང་ ད་ལྟའི་ཆར་དཀའ་ངལ་དེ་དག་སེལ་ཐབས་འབད་བརྩོན་བྱེད་མུས་ཡིན་ལུགས་བརྗོད་འདུག

དེ་དང་འབྲེལ་གཟའ་ཉི་མའི་ཕྱི་འདྲོའི་ཚོུད་༥བར་ས་ཡོམ་གྱི་གོད་ཆགས་ཕོག་ཡུལ་དུ་རོགས་སྐྱོར་ཞལ་འདེབས་མི་མང་ཤོག་སྒོར་དུང་ཕྱུར་གསུམ་དང་ཚག་ལྔ་ལྷག་བྱུང་ཡོད་པ་དང་ ད་དུང་ཕྱི་རྒྱལ་ཡུལ་ཁག་ནས་འབྱོར་བའི་མ་དངུལ་ཞལ་འདེབས་ད་དུང་ཡང་ཞིབ་རྩིས་བྱེད་བཞིན་ཡིན་པའི་སྐོར་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཁྱབ་གཞོན་པ་ཀྲང་གོང་རུང་གིས་བརྗོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎