ཨཕ་ག་ནི་སི་ཐན་ནང་ཞི་བདེ་ཡོང་རེ་དེ་ཙམ་མེད་སྐོར།

ཨཕ་ག་ནིསི་ཐན་གཞུང་འཛིན་དང་དྲག་སྤྱོད་ཚོགས་པ་ཊ་ལི་སྦན་གཉིས་དབར་ཞི་བའི་གྲོས་མོལ་གཙོ་བོ་གནང་མཁན་ཞིག་བཀྲོངས་འདུག

2011.09.21

༄༅༎ཨཕ་ག་ནིསི་ཐན་གཞུང་འཛིན་དང་དྲག་སྤྱོད་ཚོགས་པ་ཊ་ལི་སྦན་གཉིས་དབར་ཞི་བའི་གྲོས་མོལ་གཙོ་བོ་གནང་མཁན་ཡུལ་དེའི་སྲིད་འཛིན་ཟུར་པ་རབ་རྦ་ནི་བཀྲོངས་པ་དེས་ཨཕ་ག་ནིསི་ཐན་ནང་ཞི་བདེ་ཡོང་བའི་རེ་བ་དེ་ཙམ་མེད་སྐོར་མཁས་པ་འགའ་རེས་གསུངས་འདུག  ཨ་མེ་རི་ཀས་ཊ་ལི་སྦན་དྲག་སྤྱོད་ཚོགས་པ་གཏོར་རྒོལ་གཏོང་རྒྱུའི་ཆེད་དུ་ཨ་རིའི་དམག་མིས་ཨཕ་ག་ནི་སི་ཐན་ནང་དྲག་པོའི་བཙན་འཛུལ་བྱས་ནས་ལོ་༡༠་ཕྱིན་པའི་རྗེས་སུ་ཡང་ ཊ་ལི་སྦན་དྲག་སྤྱོད་ཚོཌ་པས་ཡུལ་དེའི་ནང་གཏོར་རྒོལ་ཚབས་ཆེ་གཏོང་བཞིན་ཡོད་ཅིང་ འདས་པའི་ཟླ་བ་གཉིས་རིང་ཨཕ་ག་ནི་སི་ཐན་གྱི་སྲིད་འཛིན་ཧ་མིརྡ་ཀར་ཛའེ་ཡིཕྱག་རོགས་ཉེ་ཤོས་ཁོང་གི་གཅེན་པོ་ཨེ་མེརྡ་ལྦ་ལི་དང་ཁོང་ལ་སློབ་སྟོན་གནང་མཁན་ཇོན་མོ་ཧ་མརྡ་ཁའན་ དེ་བཞིན་གཟའ་ཟླ་བའི་ཉིན་སྲིད་འཛིན་ཟུར་པ་རབ་རྦ་ནི་བཅས་ཁོང་གསུམ་རང་ཉིད་ཀྱི་ཁང་ཁྱིམ་ནང་དྲག་སྤྱོད་པས་བསད་པ་རེད་ ཨཕ་ག་ནི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་གཞོན་པ་ཟུར་པ་མའ་མུརྡ་སའེ་ཀལ་ཡིས་རང་གི་ཊར་སྦན་འམ་མགོ་རས་ནང་སྦས་གསང་བྱས་ཏེ་འབར་རྫས་གས་ཐོར་བཏང་སྟེ་སྲིད་འཛིན་ཟུར་པ་རབ་རྦ་ནི་བཀྲོངས་མཁན་མི་དེས་ཡུལ་དེའི་ནང་ཞི་བདེ་ཡོང་བའི་རེ་བ་ས་སྦས་བཏང་པ་རེད་ཅེས་དང་ད་ཆ་ཨཕ་གྷ་ནིས་ཐན་གཞུང་གིས་ཀྱང་ཏ་ལི་འབན་དྲག་སྤྱོད་ཚོཌ་པའི་མཉམ་དུ་ཞི་བདེ་ཡོང་བའི་རེ་བ་བྱས་པ་དེ་རང་གིས་རང་མགོ་སྐོར་བཏང་བ་ཡིན་པའི་གནས་ཚུལ་ཤེས་རྟོགས་ཡོང་རྒྱུ་ཡིན་པ་མ་ཟད་ ད་རེས་ཊ་ལི་སྦན་གྱི་དྲག་སྤྱོད་པ་ཞིག་གིས་སྲིད་འཛིན་ཟུར་པ་རབ་རྦ་ནི་འབར་རྫས་གས་མཐོར་བཏང་སྟེ་བཀྲོངས་པ་དེས་ངོ་རྒོལ་གྱེན་ལངས་པ་ཚོའི་ཁྲོད་དུ་ཞི་བདེ་དང་ཞི་མཐུན་འགྲིག་འཇགས་ཀྱི་ལུགས་སྲོལ་མེད་པ་ར་སྤྲོད་བྱས་སྐོར་ཡང་གསུངས་འདུག ཡང་ཨཕ་ག་ནི་སི་ཐན་གྱི་གནད་དོན་ཐོག་ཞིབ་འཇུག་གནང་མཁན་ཀེཏ་ཀ་ལཀ་ཡིས་ཊ་ལི་སྦན་དྲག་སྤྱོད་ཚོཌ་པས་ཨཕ་ག་ནི་སི་ཐན་གྱི་སྲིད་འཛིན་ཟུར་པ་རབ་རྦ་ནི་བསད་སྐོར་བཤད་པ་དེ་བདེན་པ་ཡིན་ཚེ་ ཊ་ལི་སྦན་གྱིས་གཞུང་གི་མཉམ་དུ་ཞི་བའི་གྲོས་མོལ་བྱེད་འདོད་མེད་པའི་བརྡ་ལན་གསལ་པོ་སྤྲད་པ་རེད་ཅེས་གསུངས་ཡོད་པའི་གནས་ཚུལ་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎