ཉི་ཧོང་དུ་ཆུའི་ནང་དུག་རྫས་ཀྱི་ཚད་གཞི་མང་དུ་ཕྱིན་པ།

ཉི་ཧོང་ནང་རྡུལ་ཕྲན་ནུས་ཤུགས་ཀྱི་བཟོ་གྲ་འབར་གས་བྱུང་བ་ནས་མིའི་བདེ་ཐང་ལ་མུ་མཐུད་གནོད་གཞིའི་རྫས་འགྱུར་གྱི་ཉེན་ཁ་ཡོད་བཞིན་པ།

2011.03.27

༄༅༎ཉི་ཧོང་དུ་ཉེ་ཆར་ས་ཡོམ་དང་རྒྱ་མཚོའི་རྦ་རླབས་ཀྱི་གནོད་འཚེས་རྐྱེན་པས་རྡུལ་ཕྲན་ནུས་ཤུགས་ཀྱི་བཟོ་གྲ་འབར་གས་བྱུང་བ་ནས་མིའི་བདེ་ཐང་ལ་གནོད་གཞིའི་རྫས་འགྱུར་འདོན་བཞིན་པ་དེ་མུ་མཐུད་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་པའི་སྐོར་དེ་རིང་ཕེ་རན་སི་གསར་འགྱུར་ལས་ཁང་གི་གནས་ཚུལ་སྤེལ་ཡོད་པ་རེད།

ཉི་ཧོང་གི་ཕུ་ཀུ་ཤི་མའི་རྡུལ་ཕྲན་ནུས་ཤུགས་བཟོ་གྲ་འབར་གས་བྱུང་བ་ནས་དུག་རྫས་འདོན་ཏེ། ཆུའི་ནང་དུ་དུག་རྫས་ཀྱི་ཚད་གཞི་ས་ཡ་བཅུ་ལྡབས་འགྱུར་གྱིས་མང་དུ་ཕྱིན་ཡོད་པ་དང༌། རྡུལ་ཕྲན་ནུས་ཤུགས་ལས་ཁང་གི་མགྲིན་ཚབ་པས། ཆུའི་ནང་དུ་རྫས་འགྱུར་གྱི་ཚོད་གཞི་དེ་ནི་ཧ་ཅང་གི་ཚད་མཐོ་པོ་ཡིན་པ་གསུངས་པ་མ་ཟད། དུག་རྫས་དེའི་ཚད་གཞི་ཉུང་ཉུང་ཞིག་གིས་དུས་ཚོད་ངེས་ཅན་བར་དུ་མིའི་གཟུགས་པོའི་བསག་པ་དང་། རིམ་པས་འཕེལ་རྒྱས་སུ་ཕྱིན་ཏེ་ཀེན་སར་གྱི་ནད་ཀྱི་སློང་རྐྱེན་བྱེད་ཀྱི་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་པ་དང༌། འོན་ཀྱང་ད་རེས་རྡུལ་ཕྲན་ནུས་ཤུགས་ཀྱི་བཟོ་གྲ་འབར་གས་བྱུང་ཡུལ་ནས་རྒྱུགས་པའི་གཙང་ཆུའི་ནང་རྫས་འགྱུར་གྱི་ཚད་གཞི་ཧ་ཅང་གི་མཐོ་པོ་སླེབས་ཡོད་པ་དེ་ཡིས། ཞེ་དམན་ལངས་བ་དང༌། སྐྱུག་པ་སྐྱུག་པ་སོགས་ཀྱི་ན་ཚའི་སློང་རྐྱེན་བྱེད་སྲིད་པའི་བློ་འཚབ་གནང་གི་ཡོད་པ་རེད། ལས་བཟོ་བ་ཚོས་དུག་རྫས་འདོན་ས་གཙོ་བོ་དེ་བཀག་ཐབས་ཀྱི་འབད་བརྩོན་བྱེད་བཞིན་ཡོད་ཀྱང་ཕལ་ཆེར་དུག་རྫས་མང་དུ་འགྲོ་སྟངས་དེ་ཡིས། དུས་རྫས་འགྲོ་ལམ་གྱི་ལྕགས་གདོང་ངམ་སྦྱིག་གདོང་རིགས་ལ་སྐྱོན་ཆ་བྱུང་ཡོད་པ་ཚོད་དཔགས་གནང་གི་ཡོད་པ་རེད།

དེ་རིང་ཉི་ཧོང་གི་ཀྱིཡོ་ཌོ་གསར་ཤོག་ལས་ཁང་གིས་མི་དམངས་ཀྱི་བསམ་ཚུལ་བསྡུ་ལེན་བྱེད་པའི་གྲུབ་འབྲས་ནང༌། བསམ་ཚུལ་ཤོད་མཁན་མི་དམངས་ནང་ནས་བརྒྱ་ཆ་༥༨ ལྷག་ཙམ་གྱིས་རྡུལ་ཕྲན་ནུས་ཤུགས་ཀྱི་གློག་ཁང་ནས་འདོན་པའི་དུག་རྫས་ཀྱི་ཉེན་ཁ་དེའི་ཐོག་གཞུང་གིས་ལས་དོན་བྱེད་ཕྱོགས་ཐོག་ལ་འདོད་པ་མེད་པའི་རྣམ་འགྱུར་བཏོན་ཡོད་པ་དང༌། དེའི་དབར་ལ་དེ་རིང་རེས་གཟའ་ཉི་མ་བར་དུ་རང་འབྱུང་གྱི་གནོད་འཚེ་དེའི་ནང་མི་འདས་གྲོངས་སུ་ཕྱིན་པའི་གྲངས་ཀ་ནི། ཆིག་ཁྲི་སྟོང་མེད་དྲུག་བརྒྱ་དྲུག་ཅུ་རེ་བརྒྱད་དང༌། ད་དུང་རྙེད་སོན་མ་བྱུང་བའི་གྲངས་ཀ་ཆིག་ཁྲི་དྲུག་སྟོང་ལྔ་བརྒྱ་བདུན་བཅུ་དོན་བཞི་དང༌། རྨས་སྐྱོན་ཕོག་པ་ཉིས་སྟོང་བདུན་བརྒྱ་བདུན་བཅུ་དོན་བདུན་བྱུང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎