རྒྱ་གར་གྱི་སྲིད་བློན་ཁོ་ན་བྱ་རྒྱུའི་རེ་འདོད་མེད་ལུགས།

སྐུ་ཞབས་ར་ཧུལ་གཱན་རྡི་ཡིས་ཁོང་རྒྱ་གར་གྱི་སྲིད་བློན་ཁོ་ན་གནང་རྒྱུའི་རེ་འདོད་ཆེན་པོ་མེད་སྐོར་དེ་རིང་གསུངས་བཞག

2012.02.06

༄༅༎རྒྱ་གར་གྱི་སྙན་གྲགས་ཆེ་བའི་ནེཧ་རུའི་ཁྱིམ་ཚང་ནས་ཡིན་པའི་ར་ཧུལ་གཱན་རྡི་ཡིས་ཁོང་རྒྱ་གར་གྱི་སྲིད་བློན་ཁོ་ན་གནང་རྒྱུའི་རེ་འདོད་ཆེན་པོ་མེད་སྐོར་དེ་རིང་གསུངས་བཞག།
ཚང་མས་མ་འོངས་པར་རྒྱ་གར་གྱི་སྲིད་བློན་གནང་བའི་རེ་བ་ཞུ་ས་ དགུང་ལོ་༤༡ལ་ཕེབས་པའི་ར་ཧུལ་གཱན་རྡི་ཡིས་ད་བར་བློན་ཆེན་ལྷན་ཚོགས་ནང་བློན་ཆེན་ཞིག་གི་ལས་འཁུར་མ་བཞེས་པར། དེའི་ཚབ་ཏུ་གཞུང་འཛིན་ཀོངྒ་རེསི་ཚོགས་པའི་གཞོན་ནུའི་ལས་འགུལ་ལ་ཤུགས་སྣོན་སྐྱོན་རྒྱུར་དོ་སྣང་ཆེ་བ་གནང་ཡོད་པ་རེད།
རེས་གཟའ་ལྷག་པའི་ཉིན་འོས་བསྡུ་འགོ་འཛུགས་གནང་སའི་ཨུ་ཏར་པཱར་རྡེཤ་མངའ་སྡེའི་ནང་ཁོང་གིས་ཀོངྒ་རེསི་ཚོགས་པའི་ཆེད་དུ་འོས་བསྡུའི་དྲིལ་བསྒྲགས་ཀྱི་ལས་འགུལ་ནང་གཙོ་གནས་ཆེ་བའི་ལས་འཁུར་གནང་བཞིན་ཡོད་ཅིང༌། ར་ཧུལ་གཱན་རྡི་ཡིས་གྲོང་ཁྱེར་ལཱཀ་ནའོ་ནས་རྒྱང་ཚད་ཀི་ལོ་མི་ཊར་༢༨༠སར་ཡོད་པའི་ལྦ་ར་ཎ་སིར་ཚུགས་པའི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ རྒྱ་གར་གྱི་མཐོ་རིམ་ཆབ་སྲིད་དབུ་ཁྲིད་ཚང་མའི་དམིགས་ཡུལ་གཅིག་ཡོད་པ་དང་དེ་ནི་རྒྱལ་ཁབ་ཀྱི་སྲིད་བློན་གནང་ཡག་དེ་རེད། འོན་ཀྱང་ངོས་རང་གི་དམིགས་ཡུལ་དེ་སྲིད་བློན་ཁོ་ན་བྱ་རྒྱུ་དེ་མིན། ངའི་དམིགས་ཡུལ་གཙོ་བོ་དེ་མངའ་སྡེ་འདིའི་ནང་ལས་དོན་བྱེད་སྟངས་མ་དྲང་བ་ཡོད་པ་དེ་ཚོ་ཡང་དག་པ་ཞིག་བཟོ་རྒྱུའི་འདོད་པ་ཡོད་། མང་ཚོགས་ཀྱི་བདེ་སྡུག་ལ་མ་ཉན་ན་ནག་ཉེས་ཆེ་ཤོས་དེ་རེད་ཅེས་གསུངས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎